2
ཡེ༌ཤུའི༌ ཆུ༌ རྒུན༌ཆང༌ གྱུར༌ ཅུག༌ག༌ ཛདས༌།
2:1 ནེ༌ 12
1 ཞག༌ ཉིས༌སི༌ སྟིང༌ནེ༌, གཱ༌ལིལ༌ལིའི༌ ཡུལ༌ཇོངས༌སི༌ ཀ༌ནཱའེ༌ གྲོང༌ཁྱེར༌རི༌ ནང༌ང༌ བག༌སྟོན༌ཞིག༌ ཡོད༌པིན༌, ཡང༌ ཡེ༌ཤུའི༌ ཨ༌མ༌ ཏེ༌རུ༌ སོང༌། 2 ཡེ༌ཤུ༌ དང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ནའང༌ ཏེ༌ བག༌སྟོན༌ལ༌ བོད༌ཏེ༌ ཡོད༌པིན༌། 3 ཏེ༌རུ༌ བག༌སྟོན༌ནི༌ གྲོན༌ནི༌ ཏུས༌ལ༌ རྒུན༌ཆང༌ ཚར༌ར༌ཅིག༌, ཡེ༌ཤུའི༌ ཨ༌མའེ༌ ཡེ༌ཤུའ༌ ཟེརས༌, "ཁོང༌གུན༌ལ༌ རྒུན༌ཆང༌ ཚར༌ཏེ༌ མི༌དུག༌།"
4 ཡེ༌ཤུའི༌ ཨ༌མའ༌ མོལས༌, "ཅེས༌པའེ༌ བུ༌མོ༌, ང༌ འི༌ ནང༌ང༌ ཅིའ༌ སྲེའད༌། ཏ༌རུང༌ ངའེ༌ ཏུས༌ མ༌ལེབ༌བ༌ཨིན༌།"
5 ཨ༌མའེ༌ ཡོག༌པོ༌གུན༌ལ༌ ཟེརས༌, "ཁོང༌ངི༌ ཅི༌ མོལ༌ནའང༌ ཏེ༌ཟུག༌ ཅོས༌།"
6 ཏེན༌ན༌ དུན༌ལ༌ ཡ༌ཧུ༌དཱ༌པའེ༌ རྩང༌མ༌ ཅོ༌ཅེས༌སི༌ ལུག༌སྲོལ༌ ནང༌ཞིན༌ ཁྲུ༌ཅེས༌ལ༌ ཆུའི༌ ཟ༌མ༌ དྲུག༌ ཡོད༌པིན༌། འི༌ ཟ༌མ༌ རེ༌རེ༌ ནང༌ང༌ ཧ༌ལམ༌ ཆུ༌ ལི༌ཀྲར༌ 80 ནེ༌ 120 ཟམ༌ ཆུད༌དད༌པིན༌།
7 ཡེ༌ཤུའི༌ ཡོག༌པོ༌གུན༌ལ༌ མོལས༌, "ཏེ༌ ཛ༌མ༌གུན༌ནི༌ ནང༌ང༌ ཆུ༌ སྐོང༌", ཡོག༌པོ༌གུན༌ནི༌ ཁོང༌ངི༌ མོལ༌ཁན༌ ནང༌ཞིན༌ ཛ༌མ༌གུན༌ གང༌ཅུགས༌ཏེ༌ ཆུ༌ སྐངས༌།
8 ཏེ༌ སྟིང༌ནེ༌ ཡེ༌ཤུའི༌ ཡོག༌པོ༌གུན༌ལ༌ མོལས༌, "ཏ༌ ཟ༌མའེ༌ ནང༌ནེ༌ ཆུ༌ ཅུས༌ཏེ༌, གྲོན༌ནི༌ ལྡིང༌སྤོན༌ལ༌ ཁྱེར༌", ཡང༌ ཁོང༌གུན༌ནི༌ ཡེ༌ཤུའི༌ མོལ༌ཁན༌བོ༌ ཅོས༌།
9 ལྡིང༌སྤོན༌ནི༌ རྒུན༌ཆང༌ གྱུར༌ཁན༌ནི༌ ཏེ༌ ཆུ༌བོ༌ ཉངས༌, ཁོའ༌ འི༌ རྒུན༌ཆང༌བོ༌ ཀ༌ནེ༌ ཁྱོངས༌ གྱུས༌ མེད༌པིན༌, ༼ཨིན༌ནའང༌ ལྡིངས༌སྤོན༌ལ༌ ཆུ༌ ཁྱེར༌ཁན༌ནི༌ ཡོག༌པོ༌གུན༌ལ༌ གྱུས༌ཡོད༌པིན༌༽ ཁོའེ༌ མག༌པའ༌ བོད༌ཏེ༌ ཟེརས༌, 10 "ཚང༌མའེ༌ གྲོན༌པོ༌གུན༌ལ༌ ཆང༌ གྱལ༌ལ༌བོ༌ སྔུན༌ལ༌ ཏངས༌ཏེ༌ གྲོན༌པོ༌གུན༌ ར༌རོས༌ས༌ཅིག༌ ཆང༌ ཐུའ༌བོ༌ ཁྱོང༌ཅེན༌, ཨིན༌ནའང༌ ཁྱོ༌རང༌ངི༌ ཚང༌མའེ༌སང༌ ཆང༌ གྱལ༌ལ༌བོ༌ དག༌ས༌ ཚག༌པ༌ བོར༌ཏེ༌ རག༌།"
11 འི༌བོ༌ ཡེ༌ཤུའི༌ ཧ༌ལས༌ཤེས༌སི༌ ལྟས༌ ཏང༌པོ༌བོ༌ ཨིན༌པིན༌, ཀ༌བོ༌ ཁོང༌ངི༌ གཱ༌ལིལ༌ལི༌ ཡུལ༌ཇོངས༌སི༌ ཀ༌ནཱའེ༌ གྲོང༌ཁྱེར༌ལ༌ ལྟན༌ན༌ ཛད༌ཏེ༌ ཁོང༌རང༌ངི༌ ཟིར༌རྗིད༌ སྔོན༌ ཅུག༌ག༌ ཛདས༌, ཡང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ནི༌ ཁོང༌ངི༌ཀ༌ ཏད༌པ༌ ཅོས༌།
12 ཏེ༌ སྟིང༌ནེ༌ ཡེ༌ཤུ༌, ཁོང༌ངི༌ ཨ༌མ༌, ནོ༌ དང༌ ལོབ༌ཕྲུགས༌ གུན༌ ཀ༌ཕར༌ན༌ཧུམ༌ གྲོང༌ཁྱེར༌ལ༌ སྐྱོདས༌, ཏེ༌རུ༌ ཞག༌ ཁ༌ཅིག༌ ཞུགས༌།
ཆོད༌ཁང༌ རྩང༌མ༌ ཛདས༌།
2:13 ནེ༌ 25
13 ཡ༌ཧུ༌དཱ༌པའེ༌ པེ༌སག༌གི༌ ཏུས༌ཆེན༌ ཉེ༌མོ༌ ལེབ༌བ༌ཅིག༌, ཡེ༌ཤུ༌ ཀེན༌ལ༌ ཡེ༌རུ༌ཤ༌ལེམ༌མ༌ སྐྱོདས༌། 14 ཁོང༌ངི༌ ཏེ༌རུ༌ ཆོད༌ཁང༌ངི༌ གྱང༌སྐོར༌རི༌ ནང༌ང༌ ལང༌ཏོ༌, ལུག༌ དང༌, ཕུར༌གོན༌ གུན༌ ཙོང༌ཁན༌ ཡང༌ པེ༌ནེ༌ རྡེབ༌ཁན༌ གུན༌ ཁོ༌རང༌གུན༌ནི༌ ཅོག༌ཙེ༌ དུན༌ལ༌ དུག༌ཏེ༌ ཡོད༌ད༌ ཟིགས༌། 15 ཡེ༌ཤུའི༌ ཐག༌པ༌ཞིག༌ག༌ རྟལ༌ལྕག༌ ཛད༌ཏེ༌, ཆོད༌ཁང༌ངི༌ གྱང༌སྐོར༌རི༌ ནང༌ང༌ ཡོད༌ཁན༌ནི༌ ལུག༌, ལང༌ཏོ༌ དང༌ ཕུར༌གོན༌ ཚང༌མ༌ ཕི༌ལོག༌ག༌ ཕིང༌ང༌ ཛདས༌, ཡང༌ པེ༌ནེ༌ རྡེབ༌ཁན༌གུན༌ནི༌ ལྕགས༌སི༌ པེ༌ནེ༌གུན༌ ཁྲེས༌སྟོར༌ ཛད༌ཏེ༌ ཅོག༌ཙེ༌གུན༌ ལོག༌ག༌ ཛདས༌། 16 ཡང༌ ཕུར༌གོན༌ ཙོང༌ཁན༌གུན༌ལ༌ མོལས༌, "འི༌ ཚང༌མ༌ ཕིངས༌ཏེ༌ ཁྱེར༌, ངའེ༌ ཡབ༌བི༌ ཞུགས༌ས༌བོ༌ ཁྲོམས༌ས༌ མ༌ཅོ༌ཤིག༌།"
17 ཡེ༌ཤུའི༌ ལོབ༌ཕྲུགས༌གུན༌ལ༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིས༌ཏེ༌ ཡོད༌ཁན༌བོ༌ ཨིད༌ཏུ༌ ཡོངས༌, "ཉེ༌རང༌ངི༌ ཞུག༌སའེ༌ ནས༌སའེ༌ ཕིའ༌ ངའེ༌ ཅེས༌པ༌བོ༌ ནི༌, མེ༌ བར༌ཁན༌ ཙོགས༌ ཨིན༌ ཀ༌བོའེ༌ ང༌ མེད༌ཁན༌ ཅོ༌ཨིན༌། * 2:17 སུང༌གུར༌རི༌ སྤེ༌ཆའེ༌ 69:9 "
18 ཡ༌ཧུ༌དཱ༌པའེ༌ སྤོན༌བོ༌གུན༌ནི༌ ཡེ༌ཤུའ༌ ཟེརས༌, "འི༌གུན༌ ཅོ༌ཅེས༌སི༌ ཝང༌ ཡོད༌ཁན༌བོ༌ ལྟན༌ཅེས༌ལ༌ ཁྱོ༌རང༌ངི༌ ཅི༌ ཧ༌ལས༌ཤེས༌སི༌ སྟགས༌ཤིག༌ ལྟན༌ཨིན༌།"
19 ཡེ༌ཤུའི༌ ཏེ༌ མི༌གུན༌ལ༌ ལན༌སལ༌ཨིན༌ མོལས༌, "འི༌ ཆོད༌ཁང༌བོ༌ ཤིག༌, ངའེ༌ ཞག༌ སུམ༌མི༌ ནང༌ང༌ ཡང༌ ལང༌ཨིན༌།"
20 ཏེ༌གུན༌ནི༌ ཁོང༌ང༌ ཏྲིས༌, "འི༌ ཆོད༌ཁང༌བོ༌ རྩིག༌ག༌ལ༌ ལོ༌ ཞིབ༌ཅུ༌ ཞ༌རུག༌ གོར༌ཏེ༌ ཨིན༌པིན༌, ཅི༌ ཁྱོ༌རང༌ངི༌ འི༌བོ༌ ཞག༌ སུམ༌མི༌ ནང༌ང༌ ཞང༌ཨིན༌ན༌?" 21 ཨིན༌ནའང༌ ཡེ༌ཤུའི༌ མོལ༌ཁན༌ནི༌ ཆོད༌ཁང༌བོ༌ ནི༌ ཁོང༌རང༌ངི༌ སྐུ༌ཟུགས༌སི༌ སྐོར༌ལ༌ ཨིན༌པིན༌། 22 ཁོང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ཞངས༌ཏེ༌ སྟིང༌ནེ༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ལ༌ ཁོང༌ངི༌ འི༌ ཞལ༌ཏ༌ མོལ༌ཁན༌གུན༌ ཨིད༌ཏུ༌ ཡོངས༌, ཡང༌ ཁོང༌གུན༌ནི༌ དམ༌པའེ༌ སུང༌རབས༌ དང༌ ཡེ༌ཤུའི༌ མོལ༌ཁན༌ནི༌ ཞལ༌ཏ༌གུན༌ནི༌ཀ༌ ཏད༌པ༌ ཅོས༌།
23 ཡེ༌ཤུ༌ པེ༌སག༌གི༌ ཏུས༌ཆེན༌ལ༌ ཡེ༌རུ༌ཤ༌ལེམ༌མ༌ ཞུགས༌ཏེ༌ ཡོད༌ ཟ༌ནེ༌, ཏེ༌རུ༌ མི༌ མང༌པོའེ༌ ཁོང༌ངི༌ ཧ༌ལས༌ཤེས༌སི༌ ཛད༌པ༌གུན༌ ཐོང༌ཏེ༌, ཁོང༌ངི༌ཀ༌ ཏད༌པ༌ ཁྱོངས༌། 24 ཨིན༌ནའང༌ ཡེ༌ཤུའ༌ ཏེ༌ མི༌གུན༌ནི༌ཀ༌ ལོ༌མ༌ཁྱེལ༌ ཅིའ༌ཞུ༌ན༌ ཁོང༌ངི༌ ཚང༌མའེ༌ སྙིང༌ ཁྱེན༌ན༌ ཛདས༌། 25 མི༌གུན༌ ཀ༌ཟུག༌ཤིག༌ ཨིན༌ཁན༌བོ༌ ཁོང༌ང༌ སུའིང༌ ཤད༌གོས༌ མེད༌ཀྱག༌ ཅིའ༌ཞུ༌ན༌ ཁོང༌ངི༌ ཁོང༌གུན༌ནི༌ སྙིང༌ངི༌ ནང༌ང༌ ཡོད༌ཁན༌བོ༌ ཁྱེན༌ན༌ ཛད༌ད༌ནོག༌།