16
ཡེ༌ཤུ༌ སོན༌ཏེའ༌ ཞངས༌།
16:1 ནེ༌ 8
1 ཟ༌སྤེན༌བའེ༌ ཕི༌ཏོག༌ ཤབ༌བད༌དི༌ ཞག༌པོ༌ ཚར༌ར༌ཅིག༌, མིར༌ཡམ༌ མག༌དལ༌ལ༌མ༌, མིར༌ཡམ༌ ཡ༌ཀོབ༌བི༌ ཨ༌མ༌ དང༌ ས༌ལོ༌མི༌ གུན༌ ཡེ༌ཤུའི༌ སྤུར༌ལ༌ སྐུ༌ཅེས༌སི༌ ཕིའ༌ ཏྲི༌ཞིམ༌ཅན༌ནི༌ མར༌ དང༌ མར༌ནག༌ ཉོའ༌ སོང༌། 2 ཟ༌ཉི༌མའེ༌ ཞག༌ག༌ ང༌ཏོག༌ ང༌མོ༌ ཉི༌མ༌ ཤར༌ར༌ཅིག༌, ཁོང༌གུན༌ ཡེ༌ཤུའི༌ སྤུར༌ཁང༌ང༌ སོང༌། 3 ཆེན༌ ཡོད༌ ཟ༌ནེ༌ ཁོང༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ཏྲིས༌, "སྤུར༌ཁང༌ངི༌ ཁའ༌ ཀབས༌ཏེ༌ ཡོད༌ཁན༌ནི༌ ཁར༌རྡོ༌བོ༌ ང༌དང༌ངི༌ ཕིའ༌ སུའི༌ རིལ༌ཨིན༌?" 4 ཏེ༌ཀ༌ ལེབ༌བ༌ཅིག༌ ཁོང༌གུན༌ནི༌ གོ༌ སྟགས༌ཏེ༌ ལྟས༌པ༌, རྡོའ༌བོ༌ རིལ༌ཚར༌ཏེ༌ ཐོང༌།
5 སྤུར༌ཁང༌ངི༌ ནང༌ང༌ ཞུགས༌ས༌ཅིག༌, ཁོང༌གུན༌ནི༌ ཡས༌པའེ༌ཀ༌ ཀོས༌ལག༌ ཀར༌པོ༌ གོན༌ཁན༌ནི༌ ཁྱོག༌ཏོང༌ཞིག༌ དུགས༌ཏེ༌ ཐོང༌པ༌, མ༌སྲན༌ཏྲེ༌ ཇིགས༌། 6 ཨིན༌ནའང༌ ཁོང༌གུན༌ལ༌ མོལས༌, "ཇིགས༌ མ༌ཇིགས༌, ཁྱོ༌ཞའེ༌ རྐྱང༌ཤིང༌ངི༌ཀ༌ རྐྱངས༌ཁན༌ ན༌ཙ༌རེད༌པ༌ ཡེ༌ཤུའ༌ ཙལ༌ལ༌ནོག༌། ཁོང༌ སོན༌ཏེའ༌ ཞངས༌ཏེ༌ འི༌ཀ༌ མེད༌། ཁོང༌ངི༌ སྤུར༌ བོར༌སའེ༌ ནས༌ས༌ ལྟོས༌། 7 ཏ༌ སོང༌ཏེ༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ དང༌ པི༌ཏྲར༌ལ༌ ཤོད༌, "ཡེ༌ཤུ༌ ཁྱོ༌ཞ༌གུན༌ནི༌ སང༌ སྔུན༌ལ༌ གཱ༌ལིལ༌ལིའི༌ ཡུལ༌ཇོངས༌སི༌ ནང༌ང༌ སྐྱོད༌ཨིན༌། ཏེ༌རུ༌ ཁྱོ༌ཞ༌གུན༌ལ༌ ཁོང༌ ཇལ༌ཨིན༌, ཀ༌ཟུག༌ ཁོང༌ངི༌ སྔུན༌ལ༌ མོལ༌ལ༌ ཛདས༌།"
8 བུ༌མོ༌གུན༌ ཇིགས༌ཏེ༌ དར༌ཨིན༌ ཐེ༌ཚོམས༌ ཉམ༌པོ༌ སྤུར༌ཁང༌ནེ༌ གྱུགས༌ཏེ༌ སོང༌། ཐོང༌ཁན༌ ཚང༌མ༌ སུ༌ཞིག༌གའང༌ མ༌ཤདས༌, ཅིའ༌ཟེར༌ན༌ ཁོང༌གུན༌ སྲན༌ཏྲེ༌ ཇིགས༌ཏེ༌ ཡོད༌པིན༌། * 16:8 མར༌ཀུས༌སི༌ བྲིའ༌ ཛད༌ཁན༌ནི༌ གའ༌མོའེ༌ ནས༌ཚུལ༌ ཐུང༌ང༌བོ༌ རྐང༌པ༌ 8 ཚར༌ར༌ནོག༌། ཨིན༌ནའང༌ རིང༌མོ༌བོ༌ རྐང༌པ༌ 20 ཚོག༌པ༌ བྲིས༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌།
མར༌ཀུས༌སི༌ སྤེ༌ཆའེ༌ ཐེ༌བ༌ ཇུག༌དུས༌
16:9 ནེ༌ 20
9 གཙོ༌བོ༌ ཡེ༌ཤུ༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ ཟ༌ཉི༌མའེ༌ ཞག༌ག༌ ང༌མོ༌ནེ༌, ཁོང༌རང༌ གོ༌མ༌ སྔོན༌ ཅུག༌ག༌ ཛད༌ཁན༌བོ༌ ཁོང༌ངི༌ རྡུད༌ རྡུན༌ ཕིང༌ང༌ ཛད༌ཁན༌ནི༌ བུ༌མོ༌ མིར༌ཡམ༌ མག༌དལ༌ལ༌མ༌ ཨིན༌པིན༌། 10 ཁོ༌ སོང༌ཏེ༌ ཁོའ༌ ཐོང༌ཁན༌ ཚང༌མ༌ རྡུག༌པོ༌ ཅོ༌ཨིན༌ ངུ༌ཨིན༌ ཡོད༌ཁན༌ནི༌ ལོབ༌ཕྲུགས༌གུན༌ལ༌ ཤདས༌། 11 ཨིན༌ནའང༌ ཡེ༌ཤུ༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ དུག༌, ཡང༌ ཁོའེ༌ ཐོང༌ ཟེར༌ཁན༌བོའ༌ ཁོང༌གུན༌ནི༌ ཨིད༌ཤེས༌ མ༌ཅོས༌།
12 ཏེ༌བོའེ༌ སྟིང༌ནེ༌ ཡེ༌ཤུའི༌ ཨིབས༌ སོ༌སོ༌ཞིག༌གི༌ ནང༌ང༌ ཁོང༌རང༌, ཡེ༌རུ༌ཤ༌ལེམ༌ གྱལ༌སའེ༌ ཕི༌ལོག༌ནེ༌ གྲུལ༌ཏེ༌ ཆེན༌ ཡོད༌ཁན༌ནི༌ ལོབ༌ཕྲུགས༌ ཉིས༌ལ༌ སྔོན༌ ཅུག༌ག༌ ཛདས༌། 13 ཁོང༌ ཉིས༌ཀོ༌ ཞན༌ཡང༌ ལོབ༌ཕྲུགས༌གུན༌ལ༌ ཤད༌ད༌ལ༌ ལོགས༌ཏེ༌ སོང༌; ཨིན༌ནའང༌ ཁོང༌གུན༌ནི༌ ཁོང༌ངི༌ ཤད༌ཁན༌བོའ༌ དེན༌ མ༌ཤེས༌།
14 ཏེ༌ སྟིང༌ནེ༌ ལོབ༌ཕྲུགས༌ ཅུག༌ཤིག༌པོ༌ ཟན༌ཟེན༌ ཡོད༌ ཟ༌ནེ༌, ཡེ༌ཤུའི༌ ཁོང༌རང༌ ཁོང༌གུན༌ལ༌ སྔོན༌ ཅུག༌ག༌ ཛདས༌, ཡང༌ ཁོང༌གུན༌ནི༌ ཏད༌པ༌ མི༌ཅོ༌ཅེས༌ དང༌ སྙིང༌ སྐྱོང༌པོ༌ ཅོས༌ཏེ༌ ཡེ༌ཤུ༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ ཐོང༌ཁན༌ནི༌ མི༌གུན༌ནི༌ཀ༌ ཨིད༌ཤེས༌ མི༌ཅོ༌ཅེས༌པོའེ༌ཀ༌ ཁོང༌གུན༌ལ༌ ཁའ༌སྐྱེའ༌ ཛདས༌།
15 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ཇིག༌རྟེན༌ གང༌པོའེ༌ ནང༌ང༌ སོང༌ཏེ༌ མི༌ཚང༌མ༌ལ༌ གའ༌མོའེ༌ ནས༌ཚུལ༌བོ༌ ཤོད༌། 16 ཏད༌པ༌ ཅོས༌ཏེ༌ ཁྲུས༌ལེན༌ཁན༌གུན༌ སྐྱོབ༌ཨིན༌། ཨིན༌ནའང༌ ཏད༌པ༌ མ༌ཅོ༌ཁན༌གུན༌ལ༌ ཉལ༌ཝའེ༌ ཆད༌པ༌ ཕོག༌ཨིན༌། 17 ཏད༌པ༌ ཅོ༌ཁན༌གུན༌ནི༌ འི༌ ལྟས༌གུན༌ ལྟན༌ཨིན༌: ཁོང༌གུན༌ནི༌ ངའེ༌ ཝང༌ངི༌ ནང༌ང༌ རྡུད༌གུན༌ ཕིང༌ཨིན༌, མ༌ཤེས༌ཁན༌ནི༌ སྐད༌གུན༌ནི༌ ནང༌ང༌ སྤེ༌ར༌ ཏང༌ཨིན༌, 18 རུལ༌གུན༌ ལག༌པའེ༌ ནང༌ང༌ ལེན༌ཨིན༌, ཏུག༌ ཐུང༌ནའང༌ ཁོང༌གུན༌ལ༌ ཅའང༌ ནོད༌པ༌ མི༌ཡོང༌, ཁོང༌གུན༌ནི༌ ལག༌པ༌ བོར༌ཁན༌ནི༌ ནད༌པ༌གུན༌ ཕན༌ཨིན༌།"
19 གཙོ༌བོ༌ ཡེ༌ཤུའི༌ ཁོང༌གུན༌ལ༌ ཞལ༌ཏ༌ སལ༌ཚར༌ཏེ༌ སྟིང༌ནེ༌ ཁོང༌ ནམ༌ཁའ༌ ལེན༌ན༌ ཛདས༌, ཡང༌ དཀོན༌མཆོག༌གི༌ ཆག༌ ཡས༌པའེ༌ ཁྲིས༌སི༌ཀ༌ ཞུགས༌ས༌ ཛདས༌། 20 ལོབ༌ཕྲུགས༌གུན༌ ཀ༌རུང༌ས༌ སོང༌ཏེ༌ གའ༌མོའེ༌ ནས༌ཚུལ༌ ཤདས༌, ཡང༌ གཙོ༌བོའེ༌ ཁོང༌གུན༌ནི༌ ལྟས༌ ལྟན༌ཁན༌གུན༌ གྱུད༌ཏེ༌ ཁོང༌གུན༌ནི༌ ཤད༌ཁན༌བོ༌ དྲང༌པོ༌ ཨིན༌ཁན༌ ཏན༌ཏན༌ ཛདས༌།།
*16:8 16:8 མར༌ཀུས༌སི༌ བྲིའ༌ ཛད༌ཁན༌ནི༌ གའ༌མོའེ༌ ནས༌ཚུལ༌ ཐུང༌ང༌བོ༌ རྐང༌པ༌ 8 ཚར༌ར༌ནོག༌། ཨིན༌ནའང༌ རིང༌མོ༌བོ༌ རྐང༌པ༌ 20 ཚོག༌པ༌ བྲིས༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌།