ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ལུང༌སྟན༌།
ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ལུང༌སྟན༌ནི༌ ཆག༌བྲིས༌སི༌ སྐོར༌།
གཙོ༌བོ༌ ཡེ༌ཤུའི༌ སྐུ༌ཚབས༌ ཡོ༌ཧཱ༌ནན༌ནི༌ འི༌ ཆག༌བྲིས༌པོ༌ ཁོང༌ མ༌རྒད༌པོ༌ ཡང༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྐོར༌ལ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌སི༌ ཕིའ༌ པད༌མོས༌ ཟེར༌སའེ༌ ཚོ༌ལིང༌ངི༌ཀ༌ ཙོན༌ལ༌ ཀགས༌ཏེ༌ ཡོད༌ཏུས༌ བྲིའ༌ ཛདས༌།
ཆོས༌སི༌ ནང༌ང༌ ཁས༌པ༌ མང༌པོའེ༌ ཡོ༌ཧཱ༌ནན༌ནི༌ འི༌ ཆག༌བྲིས༌པོ༌ རོམ༌མི༌ གྱལ༌པོ༌ དོ༌མི༌ཤིའན༌ནི༌ ཝང༌སྲུལ༌ ངན༌པའེ༌ ཏུས༌ལ༌ ༼ཡང༌ན༌ ཡེ༌ཤུ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཏེ༌ སྟིང༌ནེ༌, ལོ༌ 62 སི༌ ཉེ༌ཁོར༌ལ༌༽ བྲིའ༌ ཛད༌ཏེ༌ ཨིན༌ནོག༌ ཟེར༌ར༌ནོག༌, ནམ༌ མ༌ཤི༌ཀ༌པ༌གུན༌ནི༌ཀ༌ རྡུག༌ངལ༌ལི༌ ཏུས༌པོ༌ གྱས༌ཨིན༌ ཡོད༌པིན༌།
མ༌ཡོང༌ ལུང༌སྟན༌ནི༌ སྤེ༌ཆའེ༌ གོ༌ཟུག༌གི༌ཀ༌, འི༌ ལོན༌བོ༌ གཙོ༌བོ༌ ཡེ༌ཤུའི༌ ཀ༌ནེ༌ ཁ༌དྲང༌ང༌ ཨ༌སི༌ཨཱའེ༌ ཆོས༌ཚོགས༌ རྡུན༌ནི༌ ཕིའ༌ ཨིན༌ཁན༌བོ༌ ང༌དང༌ང༌ གྱུས༌ ཆ༌རུག༌། གཙོ༌བོ༌ ཡེ༌ཤུའི༌ འི༌ ཆོས༌ཚོགས༌གུན༌ལ༌ ཁོང༌གུན༌ནི༌ ལས༌ ཁ༌ཅིག༌གི༌ ཕིའ༌ སྟོད༌པ༌ ཡང༌ ཁ༌ཅིག༌གི༌ ཕིའ༌ ཁའ༌སྐྱེའ༌ ཛད༌ཨིན༌, ཡོང༌ཅེས༌ཅན༌ནི༌ རྡུག༌ངལ༌ལི༌ ནང༌ང༌ ཏད༌པ༌ སྟན༌པོ༌ བོར༌ཅེས༌ལ༌ སྤོས༌པ༌ སལ༌དུག༌།
འི༌ ལུང༌སྟན༌ནི༌ མ༌འོངས༌པའེ༌ ཏུས༌སི༌ སྐོར༌ལ༌ ཤད༌དུག༌, ཀ༌བོ༌ ནི༌ འི༌ཏུས༌ལ༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཅོ༌ཁན༌གུན༌ལ༌ རྡུག༌ངལ༌ བྱུང༌ཁན༌ ཙོགས༌ ཐའ༌མའེ༌ ཏུས༌ལའང༌ བྱུང༌ཅེས༌པོ༌ ཨིན༌ནོག༌། ཡོ༌ཧཱ༌ནན༌ནི༌ དཀོན༌མཆོག༌གི༌ མི༌གུན༌ དང༌ གཙོ༌བོ༌ ཡེ༌ཤུ༌ ཉིས༌ཀོའ༌ གྱབ༌གལ༌ ཅོ༌ཁན༌ནི༌ མི༌ཞིག༌ ཡོང༌ཅེས༌སི༌ སྐོར༌ལ༌ མོལ༌དུག༌, ཀ༌བོའེ༌ ཝང༌ ཉམ༌པོ༌ མི༌ཚང༌མའ༌ ཁོའ༌ ཅོལ༌ཅུག༌ཨིན༌, ཡང༌ མ༌ཅོལ༌ཁན༌ ཚང༌མ༌ སད༌ཨིན༌། ཁོའེ༌ གཙོ༌བོ༌ ཡེ༌ཤུ༌ དང༌ ཁོང༌ངི༌ མི༌གུན༌ནི༌ གྱབ༌གལ༌ལ༌ ནོལ༌ཨིན༌, ཨིན༌ནའང༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཁོ༌ དང༌ ཤེ༌ཏན༌ ཉིས༌ཀོའ༌ ཕམ༌ཀལ༌ལ༌ ཛད༌ཨིན༌། གཙོ༌བོ༌ ཡེ༌ཤུའི༌ གྱབ༌ནེ༌ བྲངས༌ཁན༌ ཚང༌མ༌ ཇིག༌རྟེན༌ སོ༌མ༌ ཞང༌ང༌ ཛད༌ཁན༌ནི༌ ནང༌ང༌ གཙོ༌བོ༌ ཡེ༌ཤུ༌ དང༌ དཀོན༌མཆོག༌ ཉམ༌པོ༌ དུག༌ཨིན༌, ཀ༌རུ༌ དཀོན༌མཆོག༌གི༌ ཅི༌ས༌ཐོག༌ནེ༌ ཕན༌ཅེས༌ དང༌ ཞི༌དེ༌ གུན༌ ཁྱོང༌ང༌ ཛད༌ཨིན༌།
འི༌ ལུང༌སྟན༌ནི༌ ནང༌ང༌ མ༌ཤི༌ཀ༌པ༌གུན༌ནི༌ ཕིའ༌ ཁག༌ཅན༌ ལབ༌ཞ༌བོ༌ ནི༌, གཙོ༌བོ༌ ཡེ༌ཤུའ༌ གྱབ༌གལ༌ ཅོ༌ཁན༌གུན༌ནི༌ ཝང༌སྲུལ༌ཨིན༌ དཀོན༌མཆོག༌གི༌ མི༌གུན༌ སད༌ནའང༌ སྟིང༌ཇུག༌པོའེ༌ཀ༌ དཀོན༌མཆོག༌གི༌ ཁོང༌གུན༌ དང༌ ཤེ༌ཏན༌ལ༌ ཕམ༌ཀལ༌ལ༌ ཛད༌ཏེ༌ ཁོང༌རང༌ངི༌ མི༌གུན༌ ཁམ༌ཟང༌ ཉམ༌པོ༌ ཁོང༌རང༌ ཡོད༌ས༌ ཁྱེར༌ར༌ ཛད༌ཨིན༌།།
1
ཡེ༌ཤུ༌ མ༌ཤི༌ཀའེ༌ མ༌འོང༌ ལུང༌སྟན༌ ཛདས༌།
1:1 ནེ༌ 3
འི༌ ཨི༌གེ༌, ཡེ༌ཤུ༌ མ༌ཤི༌ཀའེ༌ མ༌འོང༌ ལུང༌སྟན༌ ཛད༌ཁན༌བོ༌ ཨིན༌ནོག༌, ཀ༌བོ༌ དཀོན༌མཆོག༌གི༌ གྱོགས༌པ༌ བྱུང༌གོ༌ཤེས༌ཅན༌གུན༌ མ༌ཤི༌ཀའེ༌ ཞབ༌སྟོག༌པ༌གུན༌ལ༌ ཤད༌ཅེས༌ལ༌ ཡོ༌ཧཱ༌ནན༌ལ༌ སལ༌ལ༌ ཛད༌ཏེ༌ ཨིན༌། ཡེ༌ཤུའི༌ འི༌ མ༌འོང༌ ལུང༌སྟན༌བོ༌, ཁོང༌ངི༌ ཞབ༌སྟོག༌པ༌ ཡོ༌ཧཱ༌ནན༌ལ༌ ལྟན༌ན༌ ཛད༌ཅེས༌ལ༌ ཁོང༌རང༌ངི༌ ཕོ༌ཉ༌ ཀལ༌ལ༌ ཛདས༌། ང༌ ཡོ༌ཧཱ༌ནན༌ནི༌ འི༌ ཐོང༌ཁན༌ ཚང༌མའ༌ སྤང༌པོ༌ ཏང༌ངད༌, ཡང༌ ངའེ༌ ཁྱོ༌ཞ༌གུན༌ལ༌ དཀོན༌མཆོག༌གི༌ བཀའ༌ དང༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྤང༌པོ༌ སལ༌ལ༌ ཛད༌ཁན༌ གུན༌ནི༌ སྐོར༌ ཤད༌དད༌། འི༌ མ༌འོང༌ ལུང༌སྟན༌ནི༌ བཀའ༌ སིལ༌ཏེ༌ ཤད༌ཁན༌གུན༌ ཅིན༌ལབས༌ཅན༌ ཡང༌ ལོན༌བོའ༌ ཉན༌ཏེ༌ ཏེ༌ནང༌ང༌ ཟེར༌ཏེ༌ ཡོད༌ཁན༌བོའེ༌ཀ༌ ལག༌ལེན༌ ཅོ༌ཁན༌ ཚང༌མའང༌ ཅིན༌ལབས༌ཅན༌ ཨིན༌, ཅིའ༌ཟེར༌ན༌ ཡོང༌ཅེས༌ཅན༌ནི༌ འི༌ ཏུས༌པོ༌ མ༌ ཉེ༌མོའ༌ ལེབས༌ཏེ༌ ཨིན༌ནོག༌།
ཆོས༌ཚོགས༌ དུན༌ལ༌ ཡོ༌ཧཱ༌ནན༌ནི༌ ཞུ༌ལོན༌།
1:4 ནེ༌ 8
ང༌ ཡོ༌ཧཱ༌ནན༌ནི༌ འི༌ ཨི༌གེ༌བོ༌ ཨ༌སི༌ཨཱ༌ ནང༌ང༌ ཡོད༌ཁན༌ནི༌ ཆོས༌ཚོགས༌ དུན༌ལ༌ བྲིའད༌། དཀོན༌མཆོག༌ དག༌ས༌ ཞུགས༌ཏེ༌ ཡོད༌ཁན༌, སྔུན༌ལ༌ ཞུགས༌ཏེ༌ ཡོད༌པིན༌, ཡང༌ སྐྱོད༌ཅེས༌ཅན༌ དང༌ ཁོང༌རང༌ངི༌ ཞུགས༌ཁྲིས༌སི༌ དུན༌ལ༌ ཡོད༌ཁན༌ནི༌ ཐུག༌ཉིད༌ རྡུན༌ གུན༌ནི༌ ཆོགས༌ནེ༌ ཁྱོ༌ཞ༌གུན༌ལ༌ ཐུག༌རྗེ༌ དང༌ ཞི༌དེ༌ སལ༌ཤིག༌, ཡང༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཆོགས༌ནེའང༌། ཁོང༌ ནི༌ ལོ༌ཁྱེལ༌ཅན༌ནི༌ སྤང༌པོ༌, ཏང༌པོ༌རང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ཞངས༌ཁན༌, ཡང༌ ཇིག༌རྟེན༌ནི༌ གྱལ༌པོ༌གུན༌ནི༌ ཝང༌སྲུལ༌པ༌ ཞུགས༌ཏེ༌ ཨིན༌ནོག༌།
ང༌དང༌གུན༌ལ༌ ཅམས༌པ༌ ཅོའ༌ ཛད༌ཁན༌, ཡང༌ ཁོང༌རང༌ངི༌ སྲོག༌པོ༌ ཅིན༌བ༌ སལ༌ཏེ༌ ང༌དང༌གུན༌ ང༌དང༌གུན༌ནི༌ སྡིག༌པ༌ནེ༌ ཐར༌ ཅུག༌ག༌ ཛད༌ཁན༌, ང༌དང༌གུན༌ ཁོང༌རང༌ངི༌ དཀོན༌མཆོག༌ དང༌ ཡབ༌བ༌ ཞབ༌སྟོག༌ ཞུ༌ཅེས༌སི༌ ཕིའ༌ བླ༌མ༌ དང༌ གྱལ༌ཁག༌གི༌ མི༌གུན༌ ཅོའ༌ ཛད༌ཁན༌ནི༌ ཡེ༌ཤུ༌ མ༌ཤི༌ཀའ༌ སྤལ༌ དང༌ ཝང༌གུན༌ ཏུས༌གྱུན༌ནེ༌གྱུན༌ ཐོབ༌ཤིག༌, ཨ༌མེན༌།
ལྟོས༌ཤིག༌, ཁོང༌ སྲིན༌ནི༌ཀ༌ ཞུགས༌ཏེ༌ ཕེབས༌དུག༌།
མི༌ཚང༌མའེ༌ ཁོང༌ ཇལ༌ཨིན༌,
ཡང༌ ཁོང༌ང༌ མདུང༌ ཙུག༌ཁན༌གུན༌ནིའང༌།
ཁོང༌ངི༌ ཞས༌ཏེ༌ ཇིག༌རྟེན༌པ༌ ཚང༌མའེ༌ རྡུག༌པོ༌ ཅོ༌ཨིན༌།
ཏེ༌བོ༌ ཏན༌ཏན༌ གྲུབ༌ཨིན༌, ཨ༌མེན༌།
 
གཙོ༌བོ༌ དཀོན༌མཆོག༌གི༌ མོལ༌དུག༌, "ང༌ ནི༌ ཨལ༌ཕཱ༌ དང༌ ཨོ༌མེ༌ག༌: གོ༌ཟུག༌ དང༌ སྟིང༌ཇུག༌བོ༌ ཨིན༌། ང༌ ནི༌ དག༌ས༌ ཡོད༌, སྔུན༌ལ༌ ཡོད༌པིན༌ ཡང༌ ཡོང༌ཅེས༌ཅན༌ དང༌ ཀུན༌ཝང༌ དཀོན༌མཆོག༌ ཨིན༌།
གཙོ༌བོ༌ ཡེ༌ཤུའི༌ ཆོས༌ཚོགས༌གུན༌ལ༌ ཞུ༌ལོན༌།
1:9 ནེ༌ 20
ཡེ༌ཤུ༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཡོད༌ཅེས༌པོའེ༌, ཁྱོ༌ཞ༌གུན༌ནི༌ རྡུག༌ངལ༌, དཀོན༌མཆོག༌གི༌ གྱལ༌སྲིད༌ དང༌ ཟོད༌སེམས༌ ཉམ༌པོ༌ རྡུག༌ངལ༌ ཁུར༌ཅེས༌སི༌ ནང༌ང༌ ང༌ ཡོ༌ཧཱ༌ནན༌ ཁྱོ༌ཞའེ༌ སྤུན༌ དང༌ ཕྲོ༌པ༌ ཨིན༌། ངའེ༌ དཀོན༌མཆོག༌གི༌ བཀའ༌ ཤད༌ཅེས༌ དང༌ ཡེ༌ཤུའི༌ སྐོར༌ལ༌ སྤང༌པོ༌ ཏང༌ཅེས༌པོའེ༌, ངའ༌ ཆད༌པ༌ ཏངས༌ཏེ༌ ཚོ༌ལིང༌ * 1:9 ཐའ༌ ཚང༌མ༌ ཆུའི༌ སྐོར༌ཏེ༌ ཡོད༌ཁན༌ནི༌ ས༌ཀྱད༌ པད༌མོས༌ ཟེར༌ཁན༌ནི༌ཀ༌ ཁྱེར༌ཏེ༌ བོརས༌། 10 ཟ༌ཉི༌མ༌ ཀ༌བོ༌ གཙོ༌བོའེ༌ ཞག༌ ཨིན༌ ཏེ༌ ཞག༌ག༌ ངའེ༌ཀ༌ དཀོན༌མཆོག༌གི༌ དམ༌པའེ༌ ཐུག༌ཉིད༌ བབས༌ས༌ ཛད༌ཏེ༌ ངའེ༌ ང༌རང༌ངི༌ གྱབ༌ནེ༌ ཏུང༌སྐད༌ ཙོགས༌ སྐད༌ ཀྲག༌པོ༌ཞིག༌ ཚོར༌། 11 ཡང༌ ཏེ༌ སྐད༌པོའེ༌ ངའ༌ མོལ༌ལ༌རག༌, "ཁྱོ༌རང༌ངི༌ ཐོང༌ཅེས༌ཅན༌གུན༌ ཤོག༌རིལ༌ལི༌ཀ༌ བྲིས༌ཏེ༌ ཨེ༌ཕེ༌སས༌, སྨིར༌ནཱ༌, པེར༌ག༌མུམ༌, ཐི༌འ༌ཏི༌རཱ༌, སཱར༌དིས༌, ཕི༌ལ༌དེལ༌ཕི༌ཨཱ༌ དང༌ ལ༌འོ༌དི༌ཀིའི༌ ཆོས༌ཚོགས༌ རྡུན༌ཀོའ༌ ཀོལ༌།"
12 ངའེ༌ ངའ༌ ཞལ༌ཏ༌ སལ༌ཁན༌བོའ༌ ལྟ༌ཅེས༌ལ༌ གྱུར༌ར༌ཅིག༌, ངའ༌ སེར༌རི༌ འོད༌སྟགས༌ རྡུན༌ ཐོང༌། 13 ཡང༌ ངའེ༌ ཏེ༌ འོད༌སྟགས༌གུན༌ནི༌ ཕྲོ༌ནེ༌ "མི༌རིགས༌སི༌བུ༌ ཙོགས༌ཤིག༌," 1:13 དཱ༌ནི༌ཨེལ༌ལི༌ སྤེ༌ཆའེ༌ 7:13 ཞངས༌ཏེ༌ ཇལ༌། ཁོང༌ངི༌ ནམ༌ཟའ༌ མ༌ རིང༌མོ༌ ཞབ༌ ཚོག༌པ༌ ལེབ༌ཁན༌ ཡང༌ སེར༌ཀུད༌ལ༌ ལས༌ཁན༌ནི༌ ཤལ༌ ཁོང༌ངི༌ ཤང༌གག༌ག༌ སལ༌ལ༌ ཛད༌ཏེ༌ དུག༌། 14 ཁོང༌ངི༌ ཨུ༌ དང༌ ཨུ༌སྲ༌བོ༌, བལ༌ ཡ༌ ཁ༌ ཀར༌པོ༌ ཙོགས༌, ཡང༌ ཁོང༌ངི༌ སྕན༌བོ༌ མེ༌ ཀྲག༌པོ༌ བར༌ཁན༌ ཙོགས༌ དུག༌། 15 ཁོང༌ངི༌ ཞབས༌པོ༌, མེ༌ ནང༌ང༌ སྲག༌ཁན༌ནི༌ ར༌གན༌ ཙོགས༌ ལྡང༌ཤན༌ ཐོང༌དུག༌, ཡང༌ ཁོང༌ངི༌ སུང༌སྐད༌པོ༌ ཆུ༌ ཀྲག༌པོ༌ གྱུག༌ཁན༌ནི༌ སྐད༌ ཙོགས༌ རག༌། 16 ཁོང༌ངི༌ ཆག༌ ཡས༌པའེ༌ ནང༌ང༌ སྐར༌མ༌ རྡུན༌ ནམས༌ཏེ༌ དུག༌, ཡང༌ ཁོང༌ངི༌ ཞལ༌ནེ༌ ཁའ༌ ཉིས༌ཅན༌ནི༌ ར༌འི༌ ནོན༌པོ༌ བིང༌དུག༌། ཁོང༌ངི༌ ཞལ༌དོང༌བོ༌ ཉིང༌གུང༌ངི༌ ཉི༌མའེ༌ འོད༌ཟེར༌ ཙོགས༌ དུག༌།
17 ཁོང༌ ཇལ༌ལ༌ཅིག༌, ང༌ ཁོང༌ངི༌ ཞབས༌སི༌ དུན༌ལ༌ ཤི༌ཁན༌ ཙོགས༌ལ༌ གྱེལ༌སོང༌། ཨིན༌ནའང༌ ཁོང༌ངི༌ ཁོང༌རང༌ངི༌ ཆག༌ ཡས༌པ༌བོ༌ ངའེ༌ཀ༌ བོར༌ར༌ ཛད༌ཏེ༌ མོལས༌, "ཇིགས༌ མ༌ཇིགས༌! ང༌ ནི༌ ཏང༌པོ༌ དང༌ སྟིང༌ཇུག༌པོ༌ ཨིན༌། 18 ང༌ སྲོག༌ སལ༌ཁན༌བོ༌ ཨིན༌, ང༌ ཤི༌ཏེ༌ མེད༌པིན༌, ཏ༌ ལྟོས༌, ང༌ ཏུས༌ གྱུན༌ནེ༌གྱུན༌ནི༌ ཕིའ༌ སོན༌ཏེའ༌ ལུས༌ཨིན༌; ཡང༌ ཤི༌ཅེས༌ དང༌ ཤི༌ཁན༌གུན༌ནི༌ ནས༌སའེ༌ཀ༌ ངའ༌ ཝང༌ ཡོད༌།
19 ཁྱོ༌རང༌ངི༌ ཐོང༌ཁན༌, དག༌ས༌ བྱུང༌ཨིན༌ ཡོད༌ཁན༌ དང༌ སྟིང༌ནེ༌ བྱུང༌ཅེས༌ཅན༌ གུན༌ བྲིས༌། 20 ཁྱོ༌རང༌ངི༌ ངའེ༌ ལག༌པ༌ ཡས༌པའེ༌ ནང༌ང༌ ཡོད༌ཁན༌ནི༌ སྐར༌མ༌ རྡུན༌ ཐོང༌ཁན༌ དང༌ སེར༌རི༌ འོད༌སྟགས༌ རྡུན༌ནི༌ སང༌ཝ༌བོ༌ འི༌བོ༌ ཨིན༌: སྐར༌མ༌ རྡུན༌ཀོ༌ ནི༌, ཏེ༌ ཆོས༌ཚོགས༌ རྡུན༌ནི༌ ཕོ༌ཉ༌གུན༌ ཡང༌ འོད༌སྟགས༌ རྡུན༌ཀོ༌ ནི༌, ཏེ༌ ཆོས༌ཚོགས༌ རྡུན༌བོ༌ ཨིན༌།

*1:9 1:9 ཐའ༌ ཚང༌མ༌ ཆུའི༌ སྐོར༌ཏེ༌ ཡོད༌ཁན༌ནི༌ ས༌ཀྱད༌

1:13 1:13 དཱ༌ནི༌ཨེལ༌ལི༌ སྤེ༌ཆའེ༌ 7:13