རོམ༌མི༌ ཆོས༌ཚོགས༌ལ༌ པ༌འུ༌ལུའི༌ ཆག༌བྲིས༌།
རོམ༌མི༌ ཆོས༌ཚོགས༌ལ༌ པ༌འུ༌ལུའི༌ ཆག༌བྲིས༌སི༌ སྐོར༌།
འིན༌ན༌ ཆག༌བྲིས༌ དང༌ སྔུན༌མའེ༌ ཆོས༌ཚོགས༌སི༌ འུ༌སྐྱོང༌གུན༌ གྱུད༌ཏེ༌, ང༌དང༌ང༌ འི༌ ཆག༌བྲིས༌པོ༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྐུ༌ཚབས༌ པ༌འུ༌ལུའི༌ བྲིའ༌ ཛད༌ཁན༌བོ༌ གྱུས༌ ཆའ༌ནོག༌།
ཆོས༌སི༌ ནང༌ང༌ ཁས༌པ༌གུན༌ནི༌, འི༌ ཆག༌བྲིས༌ དང༌ ཞན༌ཡང༌ ཆག༌བྲིས༌གུན༌ལ༌ རྩར༌ཅོད༌ ཅོ༌ཅེས༌པོའེ༌, པ༌འུ༌ལུའི༌ འི༌ ཆག༌བྲིས༌པོ༌ མ༌ཤི༌ཀ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཏེ༌ སྟིང༌ནེ༌ ཧ༌ལམ༌ ལོ༌ 22 ཡ༌ 23 ཉེ༌ཁོར༌ལ༌, ཁོང༌ ཀོ༌རིན༌ཐི༌ ནང༌ང༌ ཡོད༌ ཟ༌ནེ༌, བྲིའ༌ ཛད༌ཁན༌བོ༌ ཧ༌གོའ༌ནོག༌།
པ༌འུ༌ལུའི༌ འི༌ ཆག༌བྲིས༌པོ༌ ཞན༌ཡང༌ ཆག༌བྲིས༌གུན༌ནི༌ སང༌ སོ༌སོ༌ཞིག༌ ཡོད༌ཏེ༌ ཨིན༌ནོག༌། ཞན༌ ཆག༌བྲིས༌གུན༌ནི༌ ནང༌ང༌ ཁོང༌ངི༌ ཆོས༌ཚོགས༌སི༌ ནང༌ང༌ ཡོད༌ཁན༌ནི༌ ཟུས༌མའེ༌ ལབ༌ཞ༌ ཡ༌ སྡིག༌པ༌ གུན༌ནེ༌ སྤང༌པུད༌ཏེ༌ དྲང༌པོའེ༌ ལམ༌མི༌ཀ༌ ལོགས༌ཏེ༌ ཁྱོང༌ཅེས༌ལ༌ བྲིའ༌ ཛདས༌། ཨིན༌ནའང༌ འི༌ ཆག༌བྲིས༌སི༌ གོ༌ཟུགས༌པོའེ༌ཀ༌ ༼1:16-17༽ ཁོང༌ངི༌ ཏད༌པའེ༌ སྐོར༌ལ༌ དེན༌བ༌གུན༌ནི༌ དོར༌ལྡུས༌ཤིག༌, ཡང༌ ཆག༌བྲིས༌སི༌ ལུས༌ཁན༌ནི༌ ཁག༌པོའེ༌ ནང༌ང༌ ཏེ༌བོའེ༌ སྐོར༌ལ༌ མང༌ང༌ ཞིབ༌སལ༌ ཅོས༌ཏེ༌ བྲིའ༌ཛདས༌།
འི༌ ཆག༌བྲིས༌སི༌ གོ༌མའེ༌ གླིའུ༌ རྒྱད༌པའེ༌ ནང༌ང༌ པ༌འུ༌ལུའི༌ ཞིབ༌སལ༌ ཅོས༌ཏེ༌ འི༌གུན༌ནི༌ སྐོར༌ལ༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌།
1, ཀ༌ཟུག༌གི༌ སྡིག༌ཅན༌ཞིག༌ག༌ ཏད༌པ༌ གྱུད༌ཏེ༌ དྲང༌པོ༌ ཐེའ༌ཛད༌ཅེས༌ དང༌, ཁོའེ༌ ཀ༌ནེ༌ ཉལ༌ཝའེ༌ ཆད༌པ༌བོ༌ ཏུས༌གྱུན༌ནི༌ ཕིའ༌ ཐེན༌ན༌ ཛད༌ཅེས༌ གུན༌ ལྟན༌ན༌ ཛདས༌། ཡང༌ མོ༌ཟེས༌སི༌ ཁྲིམས༌ལ༌ ཁའ༌ཉན༌ཅེས༌ ཅིག༌པོ༌ གྱུད༌ཏེ༌ མི༌ཞིག༌ དྲང༌པོ༌ ཐེའ༌ཛད༌ཅེས༌པོའ༌ ཁོང༌ངི༌ གྱབ༌གལ༌ ཛདས༌།
2, ཀ༌ཟུག༌གི༌ ཏད༌པ༌ཅན༌ སྐྱོབ༌ཁན༌ཞིག༌ག༌ མི༌ཚེའེ༌ ནང༌ང༌ སྡིག༌པའེ༌ ཝང༌ངི༌ ཀ༌ནེ༌ གྱལ༌ཁའ༌ ཐོབ༌ཅེས༌ དང༌ ནས༌ཏེ༌ ཡོད༌ཁན༌ནི༌ དམ༌པའེ༌ ཐུག༌ཉིད༌དི༌ ཁྱུད༌ གྱུད༌ཏེ༌ དམ༌པ༌ མི༌ཚེ༌ཞིག༌ ཕུད༌ཅེས༌ གུན༌ ལྟན༌ན༌ ཛདས༌།
3, ཏད༌པ༌ཅན༌ཞིག༌ག༌ ཞག༌ཤིག༌ འི༌ སྡིག༌ཅན༌ ཟུགས༌པོ༌བོ༌ ཕངས༌ཏེ༌ སྡིག༌པའེ༌ ཚོད༌ལྟའེ༌ ནང༌ང༌ མ༌ཆའ༌ཁན༌ནི༌ ཟུགས༌པོ༌ཞིག༌ ཐོབ༌ཅེས༌, ཀ༌བོ༌ ཏུས༌གྱུན༌ སོན༌ཏེའ༌ ལུས༌ཨིན༌།
གལ༌ཏེས༌ དག༌ས༌ ཁོང༌ངི༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཏད༌པ༌ མི༌ཅོ༌ཅེས༌པོ༌ གྱུད༌ཏེ༌, ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ ཁོང༌ངི༌ གྱལ༌སྲིད༌དི༌ ནང༌ང༌ ཁྱོང༌ང༌ ཛད༌ཨིན༌ ཡོད༌ན༌, ཏེ༌ནེ༌ སྟིང༌ཇུག༌གི༌ ཏུས༌ལ༌, དཀོན༌མཆོག༌གི༌ ཛད༌ཁན༌ནི༌ ཐའ༌མེད༌པའེ༌ ཞལ༌ཆད༌ ཨིས༌ར༌ཨེལ༌པ༌གུན༌, སྐྱོབ༌བ༌ ཛད༌ཅེས༌པོ༌ ཀ༌ཟུག༌གི༌ དྲན༌དྲའ༌ གྲུབ༌ཅུག༌ཨིན༌? པ༌འུ༌ལུའི༌ ཏེ༌བོའེ༌ ལན༌བོ༌ ཞིབ༌སལ༌ ཅོས༌ཏེ༌ གླིའུ༌ 9 ནེ༌ 11 ནང༌ང༌ བྲིའ༌ཛད༌ཏེ༌ ཨིན༌ནོག༌།
གླིའུ༌ 12 ནེ༌ 15 ནང༌ང༌ པ༌འུ༌ལུའི༌ ཏད༌པ༌ཅན༌ཞིག༌གི༌ ཞག༌ཏང༌ངི༌ མི༌ཚེའེ༌ ནང༌ང༌ ཁོའེ༌ དག༌ས༌ ཚག༌པ༌ ལོབས༌ཁན༌བོ༌ ལག༌ལེན༌ལ༌ ཀ༌ཟུག༌གི༌ ཁྱོང༌ཅེས༌པོ༌ ཞིབ༌སལ༌ ཅོས༌ཏེ༌ ལབ༌བ༌ ཛདས༌, སྤེར༌ན༌ མི༌ཚེ༌ དྲང༌པོ༌ཞིག༌ ཕུད༌ཅེས༌: ཏེ༌བོ༌ ནི༌ ཆོས༌ཚོགས༌སི༌ ནང༌ང༌ ཞན༌མ༌ ཏད༌པ༌ཅན༌གུན༌ ཉམ༌པོ༌ ཐུན༌བྲེལ༌ ཡང༌ ཞུང༌ངི༌ སྤོན༌བོ༌གུན༌ ཉམ༌པོ༌ སམ༌ཚུལ༌ དང༌ ཅོ༌ཚུལ༌ ཟང༌པོ༌ ཀ༌ཟུག༌གི༌ བོར༌ཅེས༌, ཏད༌པ༌ཅན༌གུན༌ལ༌ ཁོང༌ངི༌ ཏད༌པའེ༌ སྐོར༌ལ༌ སྐྱོན༌རྗོད༌ མི༌ཅོ༌ཅེས༌ ཡང༌ ཞན༌ ཏད༌པ༌ཅན༌གུན༌ནི༌ ཕིའ༌ ཕན༌ཐོགས༌ཅན༌ནི༌ མི༌ཚེ༌ཞིག༌ ཀ༌ཟུག༌གི༌ ཕུད༌ཅེས༌༎
1
པ༌འུ༌ལུའི༌ ཆོགས༌ནེ༌ ཇུ༌ ཞུས༌།
1:1 ནེ༌ 7
1 འི༌ ཨི༌གེ༌བོ༌ ང༌ པ༌འུ༌ལུ༌, མ༌ཤི༌ཀ༌ ཡེ༌ཤུའི༌ ཚེ༌ཡོག༌, དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ སྐུ༌ཚབས༌, གའ༌མོའེ༌ ནས༌ཚུལ༌ ཤད༌ད༌ལ༌ ལམ༌ཅུག༌ག༌ ཛད༌ཁན༌ནི༌ ཆོགས༌ནེ༌ ཨིན༌། 2 དཀོན༌མཆོག༌གི༌ འི༌ གའ༌མོའེ༌ ནས༌ཚུལ༌བོ༌ ཏུས༌ མང༌པོའེ༌ སྔུན༌ལ༌ ཁོང༌རང༌ངི༌ ལུང༌སྟོན༌པ༌གུན༌ གྱུད༌ཏེ༌, དམ༌པའེ༌ སུང༌རབས༌སི༌ ནང༌ང༌ ཞལ༌ཆད༌ ཛད༌ཏེ༌ ཨིན༌པིན༌། 3 གའ༌མོའེ༌ ནས༌ཚུལ༌བོ༌ ནི༌ ཁོང༌རང༌ངི༌ སྲས༌སི༌ སྐོར༌ལ༌ ཨིན༌ནོག༌། ཇིག༌རྟེན༌ནི༌ མི༌ཚེའེ༌ ནང༌ང༌ ཁོང༌, གྱལ༌པོ༌ དཱ༌བིད༌དི༌ གྱུད༌ནེ༌ སྐྱེའ༌ ཛད༌ཏེ༌ 4 དམ༌པའེ༌ ཐུག༌ཉིད༌དི༌ ཤེད༌ གྱུད༌ཏེ༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ ཁོང༌ དཀོན༌མཆོག༌གི༌ སྲས༌ ཨིན༌ཁན༌བོ༌ ལྟན༌ན༌ ཛདས༌། ཁོང༌ ནི༌ ཡེ༌ཤུ༌ མ༌ཤི༌ཀ༌, ང༌དང༌ངི༌ གཙོ༌བོ༌ ཨིན༌། 5 མ༌ཤི༌ཀ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ ང༌ཞ༌གུན༌ལ༌ སྐུ༌ཚབས༌སི༌ ཚུལ༌ལ༌, ཀ༌རུང༌ས༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ དཀོན༌མཆོག༌གི༌ ཅོའ༌ ཛད༌ཁན༌གུན༌ ཤད༌ཅེས༌སི༌ ཝང༌ཆ༌ དང༌ རྩི༌ཝ༌ གུན༌ སལ༌ལ༌ ཛདས༌། ཁོང༌ངི༌ ཏེ༌ཟུག༌ ཅོའ༌ ཛད༌ཅེས༌སི༌ གྱུན༌ཚན༌ ནི༌, ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཁོང༌ངི༌ ཁའ༌ཉན༌ཅེས༌ དང༌ ཏད༌པ༌ ཅོས༌ཏེ༌ ཁོང༌ངི༌ ཚན༌ལ༌ རྩི༌ཝ༌ ཁྱོང༌ཅེས༌པོ༌ ཨིན༌ནོག༌།
6 ཡང༌ ཁྱོ༌ཞ༌གུན༌ནའང༌, ཡེ༌ཤུ༌ མ༌ཤི༌ཀའེ༌ ཁོང༌རང༌ངི༌ མི༌ ལྡམ༌མ༌ ཛད༌ཁན༌ནི༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕྲོའ༌ ཨིན༌ནོག༌། 7 ངའེ༌, དཀོན༌མཆོག༌གི༌ ཅེས༌པ༌ ཅོའ༌ ཛད༌ཏེ༌ ཁོང༌ངི༌ མི༌ དམ༌པ༌གུན༌ གྱུར༌ཅེས༌ལ༌ བོད༌ད༌ ཛད༌ཁན༌ནི༌ ཁྱོ༌ཞའ༌ རོམ༌པ༌ ཚང༌མ༌ལ༌ བྲིའད༌། དཀོན༌མཆོག༌ ང༌དང༌གུན༌ནི༌ ཡབ༌ དང༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཐུག༌རྗེ༌ དང༌ སེམས༌དེ༌ ཁྱོ༌ཞ༌གུན༌ལ༌ སལ༌ལ༌ ཛད༌ཤིག༌།
དཀོན༌མཆོག༌གི༌ གའ༌མོའེ༌ ནས༌ཚུལ༌།
1:8 ནེ༌ 17
8 ཚང༌མའེ༌སང༌ སྔུན༌ལ༌, ངའེ༌ ཁྱོ༌ཞའ༌ ཚང༌མའེ༌ ཕིའ༌ ཡེ༌ཤུ༌ མ༌ཤི༌ཀ༌ གྱུད༌ཏེ༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུ༌ཨིན༌, ཅིའ༌ཟེར༌ན༌ མ༌ཤི༌ཀའེ༌ ནང༌ང༌ ཡོད༌ཁན༌ནི༌ ཁྱོ༌ཞའེ༌ ཏད༌པའེ༌ སྐོར༌ལ༌ ཇིག༌རྟེན༌ གང༌པོའེ༌ མི༌གུན༌ནི༌ སྤེ༌ར༌ ཏང༌དུག༌། 9 ངའེ༌ མོས༌ལམ༌ ཞུ༌ ཟ༌ནེ༌ ཁྱོ༌ཞ༌གུན༌ ཏུས༌གྱུན༌ ཨིད༌ཏུ༌ ཅོའད༌, ཏེ༌བོའེ༌ སྤང༌པོ༌ དཀོན༌མཆོག༌ ཨིན༌, ཁོང༌ངི༌ སྲས༌སི༌ གའ༌མོའེ༌ ནས༌ཚུལ༌བོ༌ ཕེལ༌ཅུག༌ཅེས༌ལ༌ ངའེ༌ ང༌རང༌ངི༌ སྙིང༌ངི༌ ཐིལ༌ནེ༌ ཞབ༌སྟོག༌ ཞུའད༌།
10 ངའེ༌ མོས༌ལམ༌ ཚང༌མའེ༌ ནང༌ང༌, གལ༌ཏེས༌ དཀོན༌མཆོག༌ ཐུག༌གོངས༌སད༌ན༌, ང༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ཐུག༌ཅེས༌ལ༌ སྐབས༌ཤིག༌ སལ༌ ཟེར༌ཨིན༌ ཞུ༌ཝ༌ ཕུལ༌ལད༌། 11 གཙོ༌བོའེ༌ ནང༌ང༌ ཤེད༌ཅན༌ གྱུར༌ཅེས༌ལ༌ རོགས༌ ཅོ༌ཁན༌ནི༌ ཐུག༌ཉིད༌དི༌ ཁྱུད༌རིག༌ ཁྱོ༌ཞ༌གུན༌ལ༌ ཁྱོང༌ཅེས༌སི༌ ཕིའ༌ ངའ༌ ཁྱོ༌ཞའ༌ ཉམ༌པོ༌ ཐུག༌ཅེས༌ལ༌ དོད༌པ༌ སྲན༌ཏྲེ༌ རག༌། 12 ཏེ༌བོའེ༌, ངའེ༌ ཁྱོ༌ཞ༌གུན༌ལ༌, ཡང༌ ཁྱོ༌ཞའེ༌ ངའ༌ ཏད༌པའེ༌ ནང༌ང༌ སྤོས༌པ༌ སྐྱེ༌ཅུག༌ ཐུབ༌ཨིན༌།
13 ཅེས༌པའེ༌ སྤུན༌གུན༌, ངའེ༌ ལན༌ མང༌པོ༌ ཁྱོ༌ཞ༌གུན༌ལ༌ ཐུག༌ཅེས༌སི༌ ཐབས༌ ཅོས༌པིན༌, ཨིན༌ནའང༌ དག༌ས༌ ཚོག༌པ༌ གགས༌ཏེ༌ བོར༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌ ཆ༌གོས༌ སམ༌མ༌རག༌། ངའ༌ ཁྱོ༌ཞ༌གུན༌ནི༌ ཕྲོའ༌ ལས༌ ཅོ༌ཅེས༌ དང༌ ཐུག༌ཉིད༌དི༌ བྲས༌བུ༌ གུན༌ ལྟ༌ཅེས༌སི༌ དོད༌པ༌ རག༌, ཀ༌ཟུག༌ ངའེ༌ ཞན༌ཡང༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕྲོའ༌ ཐོང༌། 14 གིརིས༌སི༌ ལབ༌ཞའེ༌ ནང༌ང༌ ཡོན༌ཏན༌ ཡོད༌ཁན༌ ཡང༌ མེད༌ཁན༌ ཉིས༌ཀོའ༌ ཡ༌ ཤེས༌རབས༌ཅན༌ དང༌ སམ༌བ༌ མེད༌ཁན༌ ཉིས༌ཀོའ༌, གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌སི༌ ཁག༌ ངའ༌ ཕོག༌ཏེ༌ ཨིན༌ 15 པ༌སང༌, ཁྱོ༌ཞའ༌ རོམ༌མི༌ གྱལ༌སའེ༌ ནང༌ང༌ ཡོད༌ཁན༌གུན༌ལའང༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌ལ༌ ངའ༌ རིངས༌ས༌རག༌།
16 འི༌ གའ༌མོའེ༌ ནས༌ཚུལ༌བོའ༌ ངའ༌ ཁྲེལ༌ལ༌ མེ༌རག༌, ཅིའ༌ཟེར༌ན༌ འི༌བོ༌ ནི༌ ཏད༌པ༌ཅན༌ནི༌ མི༌ཚང༌མ༌ སྐྱོབ༌ཐུབ༌ཅེས༌སི༌ དཀོན༌མཆོག༌གི༌ སྟོབས༌པོ༌ ཨིན༌ནོག༌, ཏང༌པོ༌ ཡ༌ཧུ༌དཱ༌པ༌གུན༌ལ༌ ཏེ༌ནེ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌། 17 འི༌ གའ༌མོའེ༌ ནས༌ཚུལ༌བོའེ༌ ང༌དང༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ཀ༌ཟུག༌གི༌ དྲང༌པོ༌ གྱུར༌ཅེས༌པོ༌ ལྟན༌ན༌ནོག༌, ཀ༌བོ༌ གོ༌ཟུག༌ནེ༌ ཇུག༌མ༌ ཚོག༌པ༌ ཏད༌པ༌ གྱུད༌ཏེ༌ གྲུབ༌བ༌ནོག༌། ཀ༌ཟུག༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌, "ཏད༌པ༌ གྱུད༌ཏེ༌ མི༌ དྲང༌པོ༌ཞིག༌ག༌ མི༌ཚེ༌ ཐོབ༌བ༌ནོག༌། * 1:17 ཧ༌བ༌ཀུག༌གི༌ སྤེ༌ཆའེ༌ 2:4"
སྡིག༌པའེ༌ཀ༌ དཀོན༌མཆོག༌གི༌ ཐུགས༌སྲོ༌།
1:18 ནེ༌ 32
18 ཨིན༌ནའང༌ ཁོ༌རང༌གུན༌ནི༌ ངན༌པའེ༌ ལས༌གུན༌ནི༌ གྱབ༌བ༌, དེན༌བ༌བོ༌ ཀབས༌ཏེ༌ བོར༌ཁན༌ནི༌ མི༌, ངན༌པ༌ དང༌ སྡིག༌ཅན༌ ཚང༌མའེ༌ གྱབ༌གལ༌ལ༌, དཀོན༌མཆོག༌གི༌ ཐུགས༌སྲོ༌ ནམ༌ཁའ༌ནེ༌ ལྟན༌ན༌ ཛད༌ཨིན༌ ཨིན༌ནོག༌། 19 ཏེ༌གུན༌ལ༌ དཀོན༌མཆོག༌གི༌ དེན༌བའེ༌ སྐོར༌ལ༌ གྱུས༌ཡོད༌ཏེ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཁོང༌ངི༌ ཏེ༌གུན༌ ཁོང༌གུན༌ལ༌ སལ༌པོ༌ ཛད༌ཏེ༌ ལྟན༌ན༌ ཛད༌ཏེ༌ ཨིན༌པིན༌། 20 ཇིག༌རྟེན༌ ཛད༌པ༌ནེ༌ ཕར༌ལ༌ མི༌གུན༌ནི༌, དཀོན༌མཆོག༌གི༌ ཛད༌ཁན༌ ཚང༌མ༌ གྱུད༌ཏེ༌, སལ༌པོ༌ ཅོས༌ཏེ༌, མ༌ཐོང༌ཁན༌ནི༌ ཁོང༌ངི༌ ཁྱུད༌གུན༌ ཐོངས༌ཏེ༌ ཨིན༌ནོག༌, ཀ༌གུན༌ ཁོང༌ངི༌ ཐའ༌མེད༌པའེ༌ ཝང༌ དང༌ དཀོན༌མཆོག༌གི༌ ཤིས༌པོ༌ ཨིན༌ནོག༌། ཏེན༌ན༌བོའེ༌ཕིའ༌ ཁོང༌གུན༌ནི༌ ཅའང༌ སྐྱོན༌ ཅོ༌མི༌ཉན༌།
21 ཏེ༌གུན༌ནི༌ དཀོན༌མཆོག༌ ཤེས༌ཨིན༌ ཡོད༌ཏེའང༌, ཁོང༌ང༌ འོས༌པའེ༌ རྩི༌ཝ༌ མ༌ཏངས༌ ཡ༌ ཐུག༌རྗེ༌ཆེའང༌ མ༌ཞུས༌། ཨིན༌ནའང༌ དཀོན༌མཆོག༌ ཀ༌ཟུག༌ཤིག༌ ཨིན༌, ཏེ༌ སྐོར༌ལ༌ སམ༌བ༌མེད༌ཁན༌གུན༌ ཙོགས༌ལ༌ སམ༌བ༌ ཏང༌ཅེས༌ གོ༌ཟུགས༌, ཀ༌བོའེ༌ ཞས༌ཏེ༌ ཏེ༌གུན༌ ལྡད༌པ༌ མེད༌ཁན༌ ཙོགས༌ གྱུར༌ཏེ༌ ལག༌མོ༌ སམ༌བ༌ ཏང༌ མ༌ཉན༌། 22 ཁོང༌གུན༌ནི༌ ཁོ༌རང༌གུན༌ སམ༌བ༌ཅན༌ ཨིན༌ ཟེར༌ནའང༌, ཏེ༌གུན༌ བུང༌བུ༌ ཙོགས༌ གྱུར༌ཏེ༌ ཨིན༌ནོག༌། 23 ཡང༌ ཁོང༌གུན༌ནི༌ ཟིར༌རྗིད༌ཅན༌ དང༌ ཏུས༌གྱུན༌ སོན༌པོ༌ ཨིན༌ཁན༌ནི༌ དཀོན༌མཆོག༌ག༌ མ༌ཅོལ༌ལ༌ ཤི༌ཅེས༌ཅན༌ནི༌ མི༌ ཡ༌, ཅི༌པ༌ ཡ༌, སེམས༌ཅན༌ ཡ༌, རྒལ༌ཅིག༌གི༌ རིགས༌ གུན༌ནི༌ ཟོས༌ཏེ༌ ནང༌ང༌ ཅོ༌ཁན༌ནི༌ སྐུན༌དྲའ༌ ཅོལ༌ལ༌ནོག༌།
24 ཏེ༌བོའེ༌ཕིའ༌ དཀོན༌མཆོག༌གི༌ ཏེ༌ མི༌གུན༌ ཁོ༌རང༌གུན༌ནི༌ སྡིག༌པའེ༌ དོད༌པ༌ ནང༌ཞིན༌ ཅོ༌ཅེས༌ལ༌ ཕང༌ང༌ ཛདས༌། ཏེ༌བོའེ༌ ཞས༌ཏེ༌ ཁོང༌གུན༌ནི༌ ཁོ༌རང༌ ཅིག༌ དང༌ ཅིག༌གི༌ ཟུགས༌པོ༌ ཉམ༌པོ༌ ཁམ༌ལོག༌ དང༌ ཚི༌ཏུ༌ ལས༌གུན༌ ཅོས༌། 25 ཁོང༌གུན༌ནི༌ དཀོན༌མཆོག༌གི༌ དེན༌བའེ༌ ཚབས༌ལ༌ ཟུན༌མའེ༌ ལབ༌ཞ༌གུན༌ ཀོལས༌, ཡང༌ ཇིག༌རྟེན༌ ཛད༌ཁན༌ དཀོན༌མཆོག༌ ཀ༌བོའ༌ ཏུས༌གྱུན༌ སྟོད༌པའེ༌ འོས༌པ༌ ཨིན༌, ཨ༌མེན༌། ཁོང༌ང༌ མ༌ཅོལ༌ལ༌ ཁོང༌ངི༌ ཚབས༌ལ༌ ཁོང༌ངི༌ ཛད༌ཁན༌གུན༌ལ༌ ཅོལ༌ཅེས༌ དང༌ ཞབ༌སྟོག༌ ཞུས༌། 26 ཏེན༌ན༌བོའེ༌ཕིའ༌ དཀོན༌མཆོག༌གི༌ ཏེ༌གུན༌ ཁོ༌རང༌གུན༌ནི༌ ཁྲེལ༌མེད༌དི༌ དོད༌པ༌གུན༌ ཅོ༌ཅེས༌ལ༌ ཕང༌ང༌ ཛདས༌། བུ༌མོ༌གུན༌ནིའང༌ རང༌ཞིན༌ནི༌ ལུས༌བྲེལ༌ལི༌ ཚབས༌ལ༌ ཁོ༌རང༌ ཅིག༌ དང༌ ཅིག༌གི༌ པར༌ལ༌ ལུས༌བྲེལ༌གུན༌ བོརས༌། 27 ཏེན༌ན༌ ཙོགས༌ལ༌ བུ༌ཚ༌གུན༌ནིའང༌ རང༌ཞིན༌ནི༌ ལུས༌བྲེལ༌བོ༌ ཕངས༌ཏེ༌, ཁོ༌རང༌ བུ༌ཚ༌གུན༌ནི༌ པར༌ལ༌ ལུས༌བྲེལ༌ལི༌ དོད༌པ༌ སྲན༌ཏྲེ༌ ཅོས༌། ཡང༌ བུ༌ཚ༌གུན༌ནི༌ ཞན༌ བུ༌ཚའ༌ ཉམ༌པོ༌ ཁྲེལ༌མེད༌དི༌ ལས༌ ཅོས༌པ༌, ཁོང༌གུན༌ལ༌ ཁོ༌རང༌གུན༌ནི༌ ཟུགས༌པའེ༌ ནང༌ང༌ ཏེ༌ ལས༌ངན༌བོའེ༌ ཆད༌པ༌ ཕོག༌།
28 ཁོང༌གུན༌ནི༌ དཀོན༌མཆོག༌ ཤེས༌གོ༌ཤེས༌པོ༌ ནི༌ ཕན༌མི༌ཐོགས༌ཤིག༌ ཨིན༌ སམ༌ པ༌སང༌, དཀོན༌མཆོག༌གི༌ ཏེ༌གུན༌ སམ༌བ༌མེད༌ཁན༌གུན༌ ཙོགས༌ལ༌ སམ༌བ༌ ཏང༌ཅེས༌ལ༌ ཕང༌ང༌ ཛདས༌། ཏེ༌ཟུག༌ ཅོའ༌ ཛད༌ཅེས༌པོའེ༌, ཏེ༌གུན༌ནི༌ ཅོ༌ མི༌གོ༌ཤེས༌སི༌ ལས༌ངན༌གུན༌ ཅོས༌། 29 ཏེ༌གུན༌ནི༌ མི༌ཚེ༌བོ༌ ངན༌པ༌ ཚང༌མའེ༌ གངས༌, སྤེར༌ན༌ སྡིག༌པ༌, ནབས༌, ནཕ༌རད༌, སེམས༌སི༌ ནང༌ང༌ ཚིག༌ཁན༌, མི༌སད༌, ཛིང༌མོ༌ ཏང༌ཅེས༌, གོབ༌སྐོར༌ཅེས༌, མིང༌ནའང༌ ཞན༌མ༌གུན༌ལ༌ སེམས༌སི༌ ནང༌ང༌ ཕོག༌ཅུག༌ཅེས༌ དང༌ སྤེར༌མེན༌ ཏང༌ཅེས༌། 30 ཏེ༌ མི༌གུན༌ ཞན༌མ༌གུན༌ནི༌ སྐོར༌ལ༌ སྤེ༌ར༌ རྩོག༌པོ༌ ཟེར༌ཁན༌, དཀོན༌མཆོག༌ག༌ ནཕ༌རད༌ ཅོ༌ཁན༌, ཞན༌ལ༌ རྩི༌ཝ༌ མ༌ཅོ༌ཁན༌, ཕོ༌སོ༌ཅན༌ དང༌ རང༌སྟོད༌ ཏང༌ཁན༌ ཨིན༌ནོག༌། ཏེ༌གུན༌ སྡིག༌པ༌ ཅོ༌ཅེས༌སི༌ ལམ༌ སོ༌མའེ༌ སྐོར༌ལ༌ སམ༌བ༌ ཏང༌ཁན༌ དང༌ ཁོ༌རང༌གུན༌ནི༌ ཕ༌མའེ༌ ཁའ༌ མ༌ཉན༌ཁན༌, 31 ཧ༌གོ༌ཉིན༌ མེད༌ཁན༌, ཁ༌ཆད༌ ཅག༌ཁན༌, ཅམས༌པ༌ དང༌ སྙིང༌རྗེ༌ མེད༌ཁན༌ གུན༌ ཨིན༌ནོག༌། 32 དཀོན༌མཆོག༌གི༌ བཀའ༌རྒྱ༌ ནང༌ཞིན༌ ཏེ༌ཟུག༌ ལས༌ ཅོ༌ཁན༌གུན༌ལ༌ ཤི༌གོ༌ཤེས༌ འོས༌པ༌ ཨིན༌ཁན༌བོ༌ གྱུས༌ཡོད༌ཏེའང༌, ཏེན༌ན༌ ལས༌ངན༌གུན༌ ཅོ༌ཅེས༌ མ༌ཚད༌, ཞན༌མ༌ ཏེ༌ཙོགས༌ ཅོ༌ཁན༌གུན༌ལ༌ སྟོད༌པ༌ ཏང༌དུག༌།