གཱ༌ལ༌ཏི༌ཡཱའེ༌ ཆོས༌ཚོགས༌ལ༌ པ༌འུ༌ལུའི༌ ཆག༌བྲིས༌།
གཱ༌ལ༌ཏི༌ཡཱའེ༌ ཆོས༌ཚོགས༌ལ༌ པ༌འུ༌ལུའི༌ ཆག༌བྲིས༌སི༌ སྐོར༌།
འིན༌ན༌ ཆག༌བྲིས༌ དང༌ སྔུན༌མའེ༌ ཆོས༌ཚོགས༌སི༌ འུ༌སྐྱོང༌གུན༌ གྱུད༌ཏེ༌, ང༌དང༌ང༌ འི༌ ཆག༌བྲིས༌པོ༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྐུ༌ཚབས༌ པ༌འུ༌ལུའི༌ བྲིའ༌ ཛད༌ཁན༌བོ༌ གྱུས༌ ཆའ༌ནོག༌།
པ༌འུ༌ལུའི༌ འི༌ ཆག༌བྲིས༌ བྲིའ༌ ཛད༌ཁན༌ནི༌ ཏུས༌པོ༌ ཐག༌ཅད༌ཅེས༌ལ༌ དང༌དི༌རིང༌ངི༌ ཆོས༌སི༌ ཁས༌པ༌གུན༌ནི༌ ནང༌ང༌ པོ༌བུད༌ཏེ༌ ཨིན༌ནོག༌། ཁོང༌ ཁ༌ཅིག༌གི༌ འི༌བོ༌ ཡེ༌ཤུ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཏེ༌ སྟིང༌ནེ༌ ལོ༌ 15 ནེ༌ 16 ཡང༌ ཁ༌ཅིག༌གི༌ ལོ༌ 20 ནེ༌ 24 ཉེ༌ཁོར༌ལ༌ བྲིའ༌ ཛད༌ཀྱག༌ ཟེར༌ར༌ནོག༌།
ཡ༌ཧུ༌དཱ༌པ༌ མ༌ཤི༌ཀ༌པ༌ ཁ༌ཅིག༌ གཱ༌ལ༌ཏི༌ཡཱའེ༌ གྱལ༌ས༌ ཡོངས༌ཏེ༌ ཏེ༌རུ༌ ཡོད༌ཁན༌ནི༌ མ༌ཤི༌ཀ༌པ༌གུན༌ལ༌ པ༌འུ༌ལུའི༌ ལབ༌ཞ༌ ལབ༌ཁན༌གུན༌ མན༌པ༌, སོ༌སོ༌ ལབ༌ཞ༌ རིག༌ ལབས༌ཏེ༌ ཧི༌ལིངས༌ ཕིངས༌ པ༌སང༌, པ༌འུ༌ལུའི༌ འི༌ ཆག༌བྲིས༌པོ༌ བྲིའ༌ ཛདས༌། ཏེ༌གུན༌ནི༌ "ཏད༌པ༌ཅན༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཡེ༌ཤུའི༌ སྐྱོབ༌བ༌ ཛད༌ཅེས༌ ཅིག༌པོའེ༌ ནང༌ང༌ ཨིད༌ཤེས༌ ཅོ༌ཅེས༌ ཅིག༌པོ༌ མན༌པ༌ མོ༌ཟེས༌སི༌ ཁྲིམས༌ ཁ༌ཅིག༌གིའང༌ ཁའ༌ཉན༌གོས༌ ཟེར༌རད༌པིན༌ ༼སྤེར༌ན༌ སུན༌ནད༌ * 1:0 སུན༌ནད༌དི༌ ཏོན༌ཏག༌པོ༌ ནི༌ བུ༌ཚའེ༌ ཤའེ༌ ཀ༌ནེ༌ པགས༌པ༌ ཅད༌ཏེ༌ སྟགས༌ ཅོ༌ཅེས༌པོ༌ ཨིན༌ནོག༌ ཅོ༌ཅེས༌ དང༌ ཆོས༌སི༌ ཞག༌ ཁག༌ཅན༌གུན༌ སྲུང༌ཅེས༌༽། པ༌འུ༌ལུའི༌ ཁྲིམས༌སི༌ཀ༌ གྲུལ༌གོས༌ མེད༌ ཟེར༌ཏེ༌ ལབ༌ཞའ༌ ཏང༌ཅེས༌པོའེ༌ ཟུས༌མའེ༌ ལོབ༌པོན༌གུན༌ནི༌, པ༌འུ༌ལུ༌ དེན༌བའེ༌ ཡེ༌ཤུའི༌ སྐུ༌ཚབས༌ མ༌ནོག༌ ཟེར༌ཏེ༌ སྐྱོན༌རྗོད༌ ཅོའད༌པིན༌།
ཏེ༌ཙོགས༌ ནས༌ལུག༌ བྱུངས༌ པ༌སང༌, པ༌འུ༌ལུའི༌ འི༌ ལབ༌ཞ༌གུན༌ སལ༌ཨིན༌ ཆག༌བྲིས༌པོ༌ བྲིའ༌ ཛདས༌།
1. ཁོང༌ དཀོན༌མཆོག༌ དང༌ གཙོ༌བོ༌ ཡེ༌ཤུའི༌ ལྡམ༌མ༌ ཛད༌ཁན༌ནི༌ སྐུ༌ཚབས༌ ཨིན༌ཁན༌བོ༌ སལ༌པོ༌ ཅོའ༌ ཛདས༌།
2. པ༌འུ༌ལུ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕིའ༌ མ༌ཤི༌ཀའེ༌ སྐུ༌ཚབས༌ ཡང༌ ཁོང༌ངི༌ ལོན༌གུན༌ དྲང༌པོ༌ དང༌ ཨིད༌ཤེས༌ཅན༌ ཨིན༌ཁན༌བོའ༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ཡོད༌ཁན༌ནི༌ མ༌ཤི༌ཀའེ༌ སྐུ༌ཚབས༌ ཚང༌མའེ༌ ཁའ༌ཆམས༌ ཛད༌ཁན༌།
3. མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཅོའེ༌ སང༌ སྔུན༌ལ༌ པ༌འུ༌ལུའི༌ ཁྲིམས༌གུན༌ མ༌སྲན༌ཏྲེ༌ སྙིང༌ནེ༌ སྲུང༌ཅེས༌སི༌ རྩོན༌གྲུས༌ ཅོ༌ཁན༌ ཨིན༌ནའང༌ ཐར༌པ༌ ཐོབ༌ཏེ༌ སྟིང༌ནེ༌, དཀོན༌མཆོག༌གི༌ ཁོའ༌, ཁོང༌ངི༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌ལ༌ སལས༌།
4. འི༌ ཟུས༌མའེ༌ ལོབ༌པོན༌གུན༌ནི༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ལི༌ ནང༌ང༌ གྱུར༌ཇ༌ ཁྱོང༌ཅེས༌, ཡང༌ གལ༌ཏེས༌ གཱ༌ལ༌ཏི༌ཡཱ༌པ༌ ཏད༌པ༌ཅན༌གུན༌, ཁོང༌གུན༌ནི༌ སྟིང༌རང༌ནེ༌ གྲུལ༌ན༌ ཐར༌པ༌བོ༌ མེད༌ཁན༌ ཅོས༌ཏེ༌ ཁོང༌གུན༌ ཁྲིམས༌སི༌ ཡོག༌པོ༌ གྱུར༌ཨིན༌།
5. མོ༌ཟེས༌སི༌ ཁྲིམས༌གུན༌ ཁའ༌ཉན༌ཅེས༌ མན༌པ༌, དཀོན༌མཆོག༌གི༌ ཐུག༌རྗེའེ༌ ནང༌ང༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཅིག༌པོ༌ གྱུད༌ཏེ༌, ང༌དང༌གུན༌ལ༌ ཐར༌པ༌ ཐོབ༌བ༌ནོག༌།
6. འི༌ ཐར༌པ༌བོའེ༌ ང༌དང༌གུན༌ལ༌ མི༌ཚེ༌ སོ༌མ༌ཞིག༌ སལ༌ལ༌ནོག༌, ཡང༌ ང༌དང༌གུན༌ དཀོན༌མཆོག༌གི༌ ཐུག༌ཉིད༌དི༌ ཁྲིད༌ཨིན༌ རང༌ཝང༌ངི༌ མི༌ཚེ༌ཞིག༌ ཕུད༌ཉན༌ན༌ནོག༌།།
1
པ༌འུ༌ལུའི༌ ཆོགས༌ནེ༌ ཇུ༌།
1:1 ནེ༌ 5
འི༌ ཨི༌གེ༌བོ༌ ཡེ༌ཤུའི༌ སྐུ༌ཚབས༌ པ༌འུ༌ལུའི༌ ཆོགས༌ནེ༌ ཨིན༌། ང༌ མི༌གུན༌ནི༌ སྡེ༌ཞིག༌ ཡ༌ མིའི༌ ཝང༌ངི༌ མ༌ལྡམ༌མ༌, ཡེ༌ཤུ༌ མ༌ཤི༌ཀ༌ དང༌ ཁོང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛད༌ཁན༌ནི༌ ཡབ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཏེ༌ ཨིན༌། གཱ༌ལ༌ཏི༌ཡཱའེ༌ ནང༌ང༌ ཡོད༌ཁན༌ནི༌ ཆོས༌ཚོགས༌གུན༌ལ༌, འི༌ ཨི༌གེ༌བོ༌ ཀལ༌ཅེས༌སི༌ ནང༌ང༌ ང༌ ཉམ༌པོ༌ ཡོད༌ཁན༌ནི༌ སྤུན༌ ཚང༌མ༌ ཐུས༌ཏེ༌ ཨིན༌། ང༌དང༌གུན༌ནི༌ ཡབ༌ དཀོན༌མཆོག༌ དང༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ གུན༌ནི༌, ཁྱོ༌ཞ༌གུན༌ལ༌ ཐུག༌རྗེ༌ དང༌ ཞི༌དེ༌ སལ༌ལ༌ ཛད༌ཤིག༌། དཀོན༌མཆོག༌ ང༌དང༌གུན༌ནི༌ ཡབ༌བི༌ ཐུག༌གོངས༌ ནང༌ཞིན༌ ཡེ༌ཤུའི༌, ང༌དང༌གུན༌ དུགས༌ཏེ༌ ཡོད༌ཁན༌ནི༌ ངན༌པ༌ ཇིག༌རྟེན༌ནི༌ ནང༌ནེ༌ ཐར༌ ཅུག༌ག༌ ཛད༌ཅེས༌ དང༌ ང༌དང༌གུན༌ནི༌ སྡིག༌པའེ༌ ཕིའ༌, ཁོང༌རང༌ངི༌ མི༌ཚེ༌ ཆོད༌པའེ༌ ཚུལ༌ལ༌ སལ༌ལ༌ ཛདས༌། ཏེ༌བོའེ༌ ཞས༌ཏེ༌, དཀོན༌མཆོག༌ག༌ ཏུས༌གྱུན༌ནེ༌གྱུན༌ སྤལ༌ ཐོབ༌ཤིག༌, ཨ༌མེན༌།
གའ༌མོའེ༌ ནས༌ཚུལ༌ ཅིག༌ཅིག༌ མ༌ནེ༌ མེད༌།
1:6 ནེ༌ 10
ཁྱོ༌ཞའ༌ འི༌ཟམ༌ གྱོགས༌པ༌ དཀོན༌མཆོག༌ ཕངས༌ཏེ༌ ཆེན༌ ཡོད༌ཅེས༌པོའ༌ ང༌ ཧ༌ལས༌། དཀོན༌མཆོག༌གི༌ མ༌ཤི༌ཀའེ༌ ཐུག༌རྗེའེ༌ གྱུད༌ཏེ༌, ཁྱོ༌ཞ༌གུན༌ ཁོང༌ ཉམ༌པོ༌ བྲེལ༌ ཅོ༌ཅེས༌ལ༌ བོད༌ད༌ ཛད༌ཏེ༌ ཨིན༌པིན༌། ཨིན༌ནའང༌ ཁྱོ༌ཞ༌གུན༌ ཞན༌ཡང༌ སོ༌སོ༌ གའ༌མོའེ༌ ནས༌ཚུལ༌ཞིག༌གི༌ སྟིང༌རང༌ནེ༌ གྲུལ༌དུག༌, ཀ༌བོ༌ ངོས༌པོའ༌ གའ༌མོའེ༌ ནས༌ཚུལ༌ཞིག༌ ཨིན༌ ཁོ༌རང༌ མ༌ནོག༌། ཨིན༌ནའང༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ལི༌ ཏོན༌ཏག༌གི༌ ནང༌ང༌ མིང༌ནའང༌ གྱུར༌ཇ༌ ཁྱོང༌ཁན༌གུན༌ནི༌, ཁྱོ༌ཞའེ༌ སྙིང༌ངི༌ ནང༌ང༌ ཐེ༌ཚོམས༌ སྐྱེ༌ཅུག༌ཨིན༌ ཡོད༌ཁན༌བོ༌ ངའ༌ ཧ༌གོའ༌རག༌།
གལ༌ཏེས༌ ང༌ཞའ༌ ཅིག༌གི༌ ཡ༌ ནམ༌ཁའེ༌ ཕོ༌ཉ༌ཞིག༌གི༌, ང༌ཞའེ༌ ཁྱོ༌ཞའ༌ ལབ༌ཁན༌ མན༌པ༌ ཡང༌ སོ༌སོ༌ གའ༌མོའེ༌ ནས༌ཚུལ༌ཞིག༌ ལབ༌བད༌ན༌, དཀོན༌མཆོག༌གི༌ ཏེ༌གུན༌ལ༌ ཐའ༌མེད༌པའེ༌ ཆད༌པ༌ སལ༌ལ༌ ཛད༌ཤིག༌། ངའེ༌ སྔུན༌ལ༌ ཟེར༌ཁན༌བོ༌ ཡང༌སྐྱར༌ ཟེར༌རད༌, སུ༌ཞིག༌གིའང༌ ཁྱོ༌ཞ༌གུན༌ནི༌ སྔུན༌ལ༌ ཏད༌པ༌ ཅོ༌ཁན༌གུན༌ནི༌ སང༌ ཞན༌ཡང༌ སོ༌སོ༌ གའ༌མོའེ༌ ནས༌ཚུལ༌ཞིག༌ ལབ༌བད༌ན༌, དཀོན༌མཆོག༌གི༌ ཏེ༌གུན༌ལ༌ ཐའ༌མེད༌པའེ༌ ཆད༌པ༌ སལ༌ལ༌ ཛད༌ཤིག༌།
10 ལྟོས༌ཤིག༌གའང༌, ངའེ༌ དཀོན༌མཆོག༌ནེ༌ སྟོད༌པ༌ ཐོབ༌ཅེས༌སི༌ རྩོན༌གྲུས༌ ཅོ༌རུག༌ག༌ ཡ༌ མི༌གུན༌ནེ༌? གལ༌ཏེས༌ ངའེ༌ མི༌གུན༌ ཐད༌ཅུག༌ཉིན༌ ཡོད༌པིན༌ན༌, ང༌ མ༌ཤི༌ཀའེ༌ ཞབ༌སྟོག༌པ༌ཞིག༌ མན༌གྲོ༌།
པ༌འུ༌ལུའི༌ ལོན༌ མ༌ཤི༌ཀའེ༌ ཆོགས༌ནེ༌ ཨིན༌ནོག༌།
1:11 ནེ༌ 24
11 ཅེས༌པའེ༌ སྤུན༌གུན༌ ངའེ༌ ཁྱོ༌ཞ༌གུན༌ལ༌ འི༌བོ༌ ཧ༌གོ༌གོས༌ སམ༌མ༌རག༌། ངའེ༌ ལབ༌ཁན༌ནི༌ གའ༌མོའེ༌ ནས༌ཚུལ༌བོ༌, མིའི༌ ཅོ༌ཁན༌ཞིག༌ མན༌། 12 ཏེ༌བོ༌ ངའ༌ མི༌ཞིག༌གི༌ ཀ༌ནེ༌ མ༌ཐོབ༌, ཡ༌ སུ༌ཞིག༌གི༌ ང༌ མ༌ལབས༌, ཨིན༌ནའང༌ ངའ༌ འི༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཀ༌ནེ༌ ཁ༌དྲང༌ང༌ སྔོན༌ཏེ༌ ཨིན༌།
13 ཡ༌ཧུ༌དཱ༌པའེ༌ ཆོས༌སི༌ ནང༌ང༌ ཡོད༌ ཟ༌ནེ༌, ང༌ ཀ༌ཟུག༌ཤིག༌ ཡོད༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌ ཡོད༌གྲོ༌། ངའེ༌ དཀོན༌མཆོག༌གི༌ ཆོས༌ཚོགས༌གུན༌ལ༌ ནགས༌ སྲན༌ཏྲེ༌ ལྟན༌ཏེ༌ ཏེ༌གུན༌ ཁྲེས༌སྟོར༌ ཅོ༌ཅེས༌སི༌ ནང༌ང༌ རྩོན༌གྲུས༌ གྱལ༌ལ༌ ཅོས༌པིན༌། 14 ཡ༌ཧུ༌དཱ༌པའེ༌ ཆོས༌སི༌ ནང༌ང༌, ང༌ དང༌ ལོ༌ཅིག༌པ༌ ཞན༌ཡང༌ ཡ༌ཧུ༌དཱ༌པ༌གུན༌ནི༌ སང༌ ངའ༌ མང༌ང༌ ཁས༌པ༌ དང༌ ཐར༌ཁྱེལ༌ ལུས༌པིན༌། ཡང༌ ངའེ༌ ང༌རང༌ངི༌ ཕ༌མེས༌པོ༌གུན༌ནི༌ ལུག༌སྲོལ༌གུན༌ སྲུང༌ཅེས༌ལ༌ སྙིང༌ནེ༌ རྩོན༌གྲུས༌ ཏེ༌གུན༌ནི༌ སང༌ མང༌ང༌ ཅོས༌པིན༌།
15-16 ཨིན༌ནའང༌ དཀོན༌མཆོག༌གི༌ ཁོང༌རང༌ངི༌ ཧ༌ལས༌ཤེས༌སི༌ ཐུག༌རྗེའེ༌ ནང༌ང༌, ང༌ སྐྱེ༌ སང༌ སྔུན༌ལ༌ ལྡམ༌མ༌ ཛད༌ཏེ༌ བོད༌ད༌ ཛདས༌། ཡེ༌ཤུའི༌ སྐོར༌ལ༌ གའ༌མོའེ༌ ནས༌ཚུལ༌བོ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ ཤད༌ཅེས༌སི༌ ཕིའ༌, ཁོང༌རང༌ངི༌ སྲས༌པོ༌ ངའ༌ སྔོན༌ ཅུག༌ག༌ ཛད༌ཅེས༌ལ༌, དཀོན༌མཆོག༌ ཐུགས༌ཐད༌ད༌ ཛདས༌། འི༌བོའེ༌ སྐོར༌ལ༌ ངའེ༌ སུ༌མི༌ཞིག༌གི༌ ཀ༌ནེའང༌ ཁ༌ད༌ མ༌ཙལ༌པིན༌, 17 ཡ༌ ངའེ༌ སང༌ སྔུན༌ལ༌ སྐུ༌ཚབས༌ ཨིན༌ཁན༌གུན༌ ཉམ༌པོ༌ ཏེ༌ སྐོར༌ལ༌ གྲབས༌ ཅོའ༌ལ༌, ངའ༌ ཡེ༌རུ༌ཤ༌ལེམ༌མ༌ མ༌སོང༌པིན༌། ཨིན༌ནའང༌ ཏེན༌ན༌མལ༌ལ༌ ང༌ ཨ༌ར༌བིའ༌ སོང༌པིན༌, ཡང༌ ཏེ༌སྟིང༌ནེ༌ ང༌ དཱ༌མེས༌ཁས༌སི༌ གྱལ༌ས༌ ལོགས༌ཏེ༌ ཡོངས༌པིན༌།
18 ཏེ༌ནེ༌ ལོ༌ སུམ༌མི༌ སྟིང༌ནེ༌, ང༌ ཡེ༌རུ༌ཤ༌ལེམ༌མ༌ པི༌ཏྲར༌ལ༌ 1:18 གིརིས༌སི༌ སྐད༌དི༌ ནང༌ང༌ པི༌ཏྲར༌ལ༌ ཀྱེ༌ཕས༌ བྲིས༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌། ཐུག༌ཅེས༌སི༌ ཕིའ༌, སོང༌ཏེ༌ ཞག༌མ༌ 15 ཁོང༌ ཉམ༌པོ༌ དུགས༌པིན༌། 19 ཏེ༌ཏུས༌ལ༌ གཙོ༌བོའེ༌ ནོ༌ ཡ༌ཀོབ༌ ཅིག༌པོ༌ མན༌པ༌, ཞན༌ཡང༌ སྐུ༌ཚབས༌ སུ༌ཞིག༌གའང༌ ང༌ མ༌ཐུག༌། 20 ངའེ༌ ཁྱོ༌ཞའ༌ བྲི༌ཨིན༌ ཡོད༌ཁན༌གུན༌ ཟུན༌མན༌ཁན༌ནི༌ སྤང༌པོ༌, དཀོན༌མཆོག༌ ཨིན༌།
21 ཏེ༌བོའེ༌ སྟིང༌ནེ༌, ང༌ སི༌རི༌ཡཱ༌ དང༌ ཀཱི༌ལི༌ཀི༌ཡཱའེ༌ ཡུལ༌ལ༌ སོང༌པིན༌། 22 ཡང༌ ཏེ༌ཏུས༌ ཚོག༌པ༌, ཡ༌ཧུ༌དཱའེ༌ ཆོས༌ཚོགས༌གུན༌ནི༌ མ༌ཤི༌ཀ༌པ༌གུན༌ ང༌ ཉམ༌པོ༌ མ༌ཐུག༌ག༌ ཨིན༌པིན༌། 23 ཨིན༌ནའང༌ ཁོང༌གུན༌ལ༌ མི༌གུན༌ནི༌ ཀ༌ནེ༌ འིན༌ན༌བོ༌ ཚོར༌ཏེ༌ ཨིན༌ནོག༌, "སྔུན༌ལ༌ ང༌དང༌གུན༌ལ༌ ནགས༌བར༌དོ༌ ལྟན༌ཁན༌ནི༌ མི༌བོའེ༌, ཏ༌ དག༌ས༌ ཏེན༌ན༌ ཏད༌པའེ༌ སྐོར༌ལ༌ ཆོས༌ཤད༌དུག༌, ཀ༌བོ༌ ཁོའེ༌ ཏུས༌ཤིག༌ག༌ ཁྲེས༌སྟོར༌ ཅོ༌ཅེས༌སི༌ རྩོན༌གྲུས༌ ཅོའད༌པིན༌།" 24 ཡང༌ ང༌ བྱུང༌ཁན༌བོའེ༌ ཞས༌ཏེ༌, ཁོང༌གུན༌ནི༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌ཏེ༌ ཨིན༌པིན༌།

*^ 1:0 སུན༌ནད༌དི༌ ཏོན༌ཏག༌པོ༌ ནི༌ བུ༌ཚའེ༌ ཤའེ༌ ཀ༌ནེ༌ པགས༌པ༌ ཅད༌ཏེ༌ སྟགས༌ ཅོ༌ཅེས༌པོ༌ ཨིན༌ནོག༌

1:18 1:18 གིརིས༌སི༌ སྐད༌དི༌ ནང༌ང༌ པི༌ཏྲར༌ལ༌ ཀྱེ༌ཕས༌ བྲིས༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌།