གོ༌ཟུག༌གི༌ སྤེ༌ཆ༌།
གོ༌ཟུག༌གི༌ སྤེ༌ཆའེ༌ སྐོར༌།
ཡ༌ཧུ༌དཱ༌ དང༌ མ༌ཤི༌ཀ༌པའེ༌ ཆོས༌སི༌ ཁས༌པ༌ གུན༌ནི༌ འི༌ གོ༌ཟུག༌གི༌ སྤེ༌ཆ༌བོ༌ མ༌ཤི༌ཀ༌ ལྟམས༌སི༌ སང༌ ཧ༌ལམ༌ ལོ༌ སྟོང༌ ཉིས༌སི༌ སྔུན༌ལ༌ བྲིའ༌ ཛད༌ཏེ༌ ཨིན༌ཁན༌བོ༌ ཟེར༌ར༌ནོག༌, ༼ཡང༌ན༌ ལོ༌ སྟོང༌ ཞིབ༌རྒྱའེ༌ སྔུན༌ལ༌༽། ཁོང༌གུན༌ནི༌ ཟེར༌ར༌ནོག༌, ཞལ༌ཆད༌ སྙིང༌པའེ༌ གོ༌མའེ༌ སྤེ༌ཆ༌ ལྔ༌བོ༌ མོ༌ཟེས༌སི༌ བྲིས༌ཏེ༌ ཨིན༌ནོག༌, ཀ༌བོའེ༌ ནང༌ང༌ འི༌ སྤེ༌ཆ༌བོའང༌ ཐེས༌ཏེ༌ ཨིན༌ནོག༌།
མོ༌ཟེས༌སི༌ འི༌ སྤེ༌ཆ༌, ནམ༌ཁའ༌ དང༌ ཇིག༌རྟེན༌ ཛད༌ཁན༌ནི༌ ཚིར༌ ཡང༌ གྱལ༌ཁབ༌གུན༌ ཀ༌ཟུག༌གི༌ བྱུང༌, ཏེ༌གུན༌ནི༌ སྐོར༌ སིལ༌ཁན༌གུན༌ལ༌ ཤེ༌ཤེས༌སི༌ གྱུན༌ཚན༌ནི༌ ཕིའ༌ བྲིས༌ཏེ༌ ཨིན༌ནོག༌། འི༌ ནང༌ང༌ མོ༌ཟེས༌སི༌ གོ༌ཟུགས༌ མང༌པོ༌ཞིག༌གི༌ སྐོར༌ལ༌ བྲིའ༌ ཛད༌ཏེ༌ དུག༌, ཏེ༌གུན༌ ནི༌:
- ཀ༌ཟུག༌གི༌ ནམ༌ཁའ༌ དང༌ ཇིག༌རྟེན༌ ཡང༌ ཏེ༌ནང༌ང༌ ཡོད༌ཁན༌ ཚང༌མ༌ གོ༌ཟུགས༌།
- ཀ༌ཟུག༌གི༌ མི༌རིགས༌ ཚང༌མ༌ བྱུང༌ཁན༌ནི༌ གོ༌ཟུག༌, ཡང༌ན༌ ཨ༌དཱམ༌ དང༌ ཧ༌ཝ༌ ཛད༌ཅེས༌པོ༌།
- ཀ༌ཟུག༌གི༌ སྡིག༌པ༌ དང༌ ཤི༌ཅེས༌ བྱུང༌ཁན༌ནི༌ གོ༌ཟུགས༌།
- དཀོན༌མཆོག༌གི༌ ཐབས༌ ནང༌ཞིན༌ ཁོང༌ངི༌ ཞལ༌ཆད༌ ཛད༌ཁན༌ནི༌ པུར༌གྱུད༌ གྱུད༌ཏེ༌, ཀ༌ཟུག༌གི༌ སྡིག༌ཅན༌ མི༌གུན༌ སྡིག༌པ༌ དང༌ ཤི༌ཅེས༌སི༌ ཀ༌ནེ༌ སྐྱོབ༌ཅེས༌ གོ༌ཟུགས༌།
- ཀ༌ཟུག༌གི༌ དེན༌བའེ༌ དཀོན༌མཆོག༌ག༌ བྲངས༌ཏེ༌ ཅོལ༌ཁན༌ དང༌ མ༌བྲངས༌ཁན༌ནི༌ མི༌གུན༌ གོ༌ཟུགས༌།
- ཀ༌ཟུག༌གི༌ གྱལ༌ཁབ༌ སོ༌སོ༌གུན༌ གོ༌ཟུགས༌།
འི༌ སྤེ༌ཆའེ༌ ནང༌ང༌ ཚང༌མའེ༌སང༌ ཁག༌ཅན༌ ལབ༌ཞ༌བོ༌ ནི༌, དཀོན༌མཆོག༌གི༌ ཐབས༌ལྡིངས༌སི༌ ནང༌ང༌ མི༌གུན༌ ཏུས༌གྱུན༌ནི༌ ཕིའ༌ སོན༌ཏེའ༌ ལུས༌ཏེ༌ ཁོང༌ ཉམ༌པོ༌ བྲེལ༌ ཉེ༌མོ༌ ལུས༌ཤེས༌ ཡང༌ ཛ༌འོ༌ ཉེ༌མོ༌ ཙོགས༌ལ༌ ཁོང༌ ཤེ༌ཤེས༌པོ༌ ཨིན༌པིན༌། ཨིན༌ནའང༌ སྡིག༌པ༌ དང༌ ཤི༌ཅེས༌, འི༌ ཇིག༌རྟེན༌ནི༌ ནང༌ང༌ ལེབ༌བ༌ཅིག༌, ཏེ༌ ཛ༌འོའེ༌ ཐུན༌བྲེལ༌བོ༌ ཆད༌, ཡང༌ ཁོང༌གུན༌ནི༌ ཕིའ༌ དཀོན༌མཆོག༌གི༌ ཅིན༌ལབས༌ ཚང༌མ༌ མེད༌ཁན༌ སོང༌།
ཏེ༌བོའེ༌ སྟིང༌ནེའང༌ དཀོན༌མཆོག༌གི༌ མི༌རིགས༌ རིག༌ ཤེ༌ཏན༌ནི༌ སྡིག༌པ༌ དང༌ ཤི༌ཅེས༌སི༌ ངན༌ ཕོག༌ཅེས༌ནེ༌ སྐྱོབ༌བ༌ ཛད༌ཅེས༌སི༌ ཐབས༌ལྡིངས༌ ཛདས༌ ༼གོ༌ཟུག༌གི༌ སྤེ༌ཆ༌ 3:15༽། དཀོན༌མཆོག༌གི༌ འི༌ ཐབས༌ལྡིངས༌པོ༌ ཨ༌དཱམ༌ དང༌ ཧ༌ཝའེ༌ བུ༌ཚ༌ སེད༌ ཟེར༌ཁན༌ནི༌ མི༌ནེ༌ བྱུང༌ཁན༌ནི༌ མིག༌སལ༌ལི༌ པུར༌གྱུད༌གུན༌ གྱུད༌ཏེ༌ ཛདས༌། སེད༌དི༌ པུར༌གྱུད༌ ནོ༌ཨཱ༌, ཨབ༌ར༌ཧམ༌ དང༌ ཡ༌ཀོབ༌ ༼ཡང༌ན༌ ཨིས༌ར༌ཨེལ༌༽ ཟེར༌ཁན༌ནི༌ མི༌གུན༌ ཉམ༌པོ༌ ཏུས༌གྱུན༌ ལུས༌ཤེས༌སི༌ ཞལ༌ཆད༌ ༼ཡང༌ན༌ ཆད༌དོན༌༽ རིག༌ ཛདས༌། ཚང༌མའེ༌སང༌ ཆད༌དོན༌ ཁག༌ཅན༌བོ༌ ནི༌ ཨབ༌ར༌ཧམ༌ ཉམ༌པོ༌ ཛད༌ཁན༌བོ༌ ཨིན༌ནོག༌, ཏེ༌བོ༌ ནི༌ མི༌ དང༌ གྱལ༌ཁབ༌ ཚང༌མའེ༌ཀ༌ ཁོའེ༌ པུར༌གྱུད༌པོ༌ གྱུད༌ཏེ༌ ཡོང༌ཅེས༌ཅན༌ནི༌ ཞལ༌ཆད༌དི༌ ཅིན༌ལབས༌པོ༌ ཨིན༌པིན༌ ༼ཞལ༌ཆད༌ སོ༌མའེ༌ སྤེ༌ཆ༌གུན༌ནི༌, ལབ༌ཞ༌ ནང༌ཞིན༌ ཏེ༌ པུར༌གྱུད༌པོ༌ ཇིག༌རྟེན༌པ༌གུན༌ནི༌ སྐྱབ༌གོན༌, ཡེ༌ཤུ༌ མ༌ཤི༌ཀ༌ ཨིན༌ནོག༌༽།།
1
སྐར༌མ༌ ཚང༌མ༌ དང༌ ཇིག༌རྟེན༌ ཞང༌ང༌ ཛད༌ཅེས༌སི༌ སྐོར༌།
1:1 ནེ༌ 2:4a
གོ༌མ༌རང༌ དཀོན༌མཆོག༌གི༌ ནམ༌ཁའ༌ དང༌ ཇིག༌རྟེན༌ ཛད༌ ཟ༌ནེ༌, ཇིག༌རྟེན༌བོ༌ ཟོས༌ཏ༌ མེད༌ཁན༌ དང༌ སྟོང༌པ༌, ཆུ༌ ཏིང༌ཅན༌ཀོན༌དྲོའེ༌ གངས༌ཏེ༌ ཡང༌ ཏེ༌བོ༌ མུན༌གྲིག༌གི༌ ཀབས༌ཏེ༌ ཡོད༌པིན༌། ཡང༌ དཀོན༌མཆོག༌གི༌ ཐུག༌ཉིད༌ ཏེ༌ ཆུའི༌ ཁ༌ཐོག༌ག༌ ཁོར༌ཨིན༌ སྣང༌ང༌ བོར༌ར༌ ཛད༌དད༌པིན༌།
ཡང༌ དཀོན༌མཆོག༌གི༌ མོལ༌ལ༌ ཛདས༌, "འོད༌ བྱུང༌ཤིག༌" ཏེ༌ནེ༌ འོད༌ བྱུང༌། འོད༌པོ༌ ཟིགས༌ཏེ༌ དཀོན༌མཆོག༌ ཐུགས༌ཐདས༌། ཏེ༌སྟིང༌ནེ༌ དཀོན༌མཆོག༌གི༌ འོད༌པོ༌, མུན༌གྲིག༌ནེ༌ སོ༌སོ༌ ཕེའ༌ཛདས༌། ཡང༌ དཀོན༌མཆོག༌གི༌ འོད༌ལ༌ ཉི༌མ༌ ཡང༌ མུན༌གྲིག༌ག༌ ཚན༌ མོལ༌ཏེ༌ མིང༌ ཏག༌ག༌ ཛདས༌། ཏེ༌ནེ༌ ཕི༌ཏོག༌ བུད༌ཏེ༌ ང༌མོ༌ ལེབ༌, ཡང༌ ཏེ༌བོ༌ ཞག༌ ཏང༌པོ༌ ཨིན༌པིན༌།
ཡང༌ དཀོན༌མཆོག༌གི༌ མོལ༌ལ༌ ཛདས༌, "ཁ༌ཐོག༌གི༌ ཆུ༌ ཇིག༌རྟེན༌ནི༌ ཆུ༌ནེ༌ སོ༌སོ༌ ཕེ༌ཅེས༌ལ༌ ཏེ༌ ཉིས༌ཀོའེ༌ པར༌ལ༌ ནས༌ས༌ཞིག༌ གྲུབ༌ཤིག༌།" དཀོན༌མཆོག༌གི༌ མོལ༌ཁན༌ ནང༌ཞིན༌ གྲུབ༌། དཀོན༌མཆོག༌གི༌ ཁ༌ཐོག༌གི༌ ཆུ༌ དང༌ ཇིག༌རྟེན༌ནི༌ ཆུའི༌ པར༌ལ༌ ནས༌ས༌ཞིག༌ གྲུབ༌ ཅུག༌ག༌ ཛདས༌། ཡང༌ དཀོན༌མཆོག༌གི༌ ཏེ༌ ནས༌ས༌བོའ༌ ནམ༌ ཟེར༌ཏེ༌ མིང༌ ཏག༌ག༌ ཛདས༌། ཏེ༌ནེ༌ ཕི༌ཏོག༌ བུད༌ཏེ༌ ང༌མོ༌ ལེབ༌, ཡང༌ ཏེ༌བོ༌ ཞག༌ ཉིས༌པ༌ ཨིན༌པིན༌།
ཡང༌ དཀོན༌མཆོག༌གི༌ མོལ༌ལ༌ ཛདས༌, "ས༌ སྐམ༌པོ༌ བྱུང༌ཅེས༌སི༌ ཕིའ༌, ནམ༌མི༌ ཡོག༌ག༌ ཡོད༌ཁན༌ནི༌ ཆུ༌གུན༌ ནས༌ས༌ ཅིག༌ཅིག༌ག༌ གྲིལ༌ཤིག༌།" དཀོན༌མཆོག༌གི༌ མོལ༌ཁན༌ ནང༌ཞིན༌ གྲུབ༌། 10 ཡང༌ དཀོན༌མཆོག༌གི༌ ས༌ སྐམ༌པོ༌བོའ༌ ས༌ཀྱད༌ ཡང༌ ཆུ༌ གྲིལ༌ཁན༌བོའ༌ གྱ༌ཚོ༌ མོལ༌ཏེ༌ མིང༌ ཏག༌ག༌ ཛདས༌། ཁོང༌རང༌ངི༌ ཛད༌ཁན༌གུན༌ ཟིགས༌ཏེ༌, དཀོན༌མཆོག༌ ཐུགས༌ཐདས༌། 11 ཏེ༌ནེ༌ དཀོན༌མཆོག༌གི༌ མོལ༌ལ༌ ཛདས༌, "ས༌ཀྱད༌བོའེ༌ཀ༌ ཁ༌ཟས༌ སྨིན༌ཁན༌ནི༌ ལྕང༌མ༌ དང༌ ཀྲོ༌ སྨིན༌ཁན༌ནི༌ ངོན༌པོ༌ ཚང༌མ༌ སྐྱེ༌ཤིག༌། ཏེ༌ ས༌འོན༌གུན༌ནི༌ རང༌རང༌ངི༌ རིགས༌སི༌ ལྕང༌མ༌ དང༌ རྩཱ༌ངོན༌པོ༌ གུན༌ སྐྱེ༌ཅུག༌ཨིན༌།" དཀོན༌མཆོག༌གི༌ མོལ༌ཁན༌ ནང༌ཞིན༌ གྲུབ༌། 12 ཏེ༌ ས༌ཀྱད༌བོའེ༌ཀ༌ ངོན༌པོའེ༌ རིགས༌ ཚང༌མ༌ སྨིན༌, ཡང༌ན༌ ཁ༌ཟས༌སི༌ ལྕང༌མ༌ དང༌ ཀྲོ༌ སྣ༌ཚོགས༌སི༌ ངོན༌པོ, ཀ༌བོའེ༌ ས༌འོན༌གུན༌ནི༌ རང༌རང༌ངི༌ རིགས༌སི༌ ལྕང༌མ༌ དང༌ རྩཱ༌ངོན༌པོ༌ གུན༌ སྐྱེ༌ཨིན༌། ཁོང༌རང༌ངི༌ ཛད༌ཁན༌གུན༌ ཟིགས༌ཏེ༌, དཀོན༌མཆོག༌ ཐུགས༌ཐདས༌། 13 ཏེ༌ནེ༌ ཕི༌ཏོག༌ བུད༌ཏེ༌ ང༌མོ༌ ལེབ༌, ཡང༌ ཏེ༌བོ༌ ཞག༌ སུམ༌པ༌ ཨིན༌པིན༌།
14 ཏེ༌ནེ༌ དཀོན༌མཆོག༌གི༌ མོལ༌ལ༌ ཛདས༌, "ཉི༌མ༌ དང༌ ཚན༌ ཕེ༌ཅེས༌སི༌ ཕིའ༌, ནམ༌མི༌ ནང༌ང༌ འོད༌གུན༌ བྱུང༌ཤིག༌། ཏེ༌གུན༌ ནམ༌ཟླ༌, ཞག༌ དང༌ ལོ༌ གུན༌ ལྟན༌ཅེས༌ལ༌ སྟགས༌གུན༌ གྱུར༌ཤིག༌། 15 ཏེ༌ འོད༌ ནམ༌མི༌ ནང༌ང༌ ཡོད༌ཁན༌གུན༌ནི༌ ཇིག༌རྟེན༌ནི༌ཀ༌ འོད༌ ཏོང༌ཤིག༌།" དཀོན༌མཆོག༌གི༌ མོལ༌ཁན༌ ནང༌ཞིན༌ གྲུབ༌། 16 ཡང༌ དཀོན༌མཆོག༌གི༌ འོད༌ ཀྲག༌པོ༌ ཉིས༌ ཅོའ༌ ཛད༌, འོད༌ ཤུག༌ཆེ༌བོའ༌ ཉི༌མའ༌ ཡང༌ ཤུག༌ཆུང༌ང༌བོའ༌ ཚན༌ལ༌ འོད༌ ཏང༌ ཅུག༌ག༌ ཛདས༌། ཁོང༌ངི༌ སྐར༌མ༌གུན༌ནའང༌ ཅོའ༌ ཛདས༌། 17 དཀོན༌མཆོག༌གི༌ ཏེ༌ འོད༌གུན༌ ཇིག༌རྟེན༌ནི༌ཀ༌ ལྡངས༌ ཏང༌ཅེས༌སི༌ ཕིའ༌ ནམ༌ཁའེ༌ ནང༌ང༌ བོར༌ར༌ ཛདས༌། 18 ཏེ༌གུན༌ ཉི༌མ༌ དང༌ ཚན༌ལ༌ ལྡངས༌ ཏང༌ཅེས༌ ཡང༌ འོད༌པོ༌ མུན༌གྲིག༌ནེ༌ སོ༌སོའ༌ ཕེ༌ཅེས༌ལ༌ ཛདས༌། ཁོང༌རང༌ངི༌ ཛད༌ཁན༌གུན༌ ཟིགས༌ཏེ༌ དཀོན༌མཆོག༌ ཐུགས༌ཐདས༌། 19 ཏེ༌ནེ༌ ཕི༌ཏོག༌ བུད༌ཏེ༌ ང༌མོ༌ ལེབ༌, ཡང༌ ཏེ༌བོ༌ ཞག༌ ཞི༌པ༌ ཨིན༌པིན༌།
20 ཡང༌ དཀོན༌མཆོག༌གི༌ མོལ༌ལ༌ ཛདས༌, "ཆུ༌ ཚང༌མའེ༌ ནང༌ང༌ འུགས༌ ཡོད༌ཁན༌ནི༌ སེམས༌ཅན༌ མང༌པོ༌ ཡང༌ ནམ༌ཁའ༌ ཅ༌ཅིའུ༌ སྣ༌ཚོགས༌སི༌ གང༌ཤིག༌།" 21 ཏེན༌ན༌ ཟུག༌གི༌ དཀོན༌མཆོག༌གི༌ གྱ༌ཚོའེ༌ ནང༌ང༌ ཧ༌ལས༌ཤེས༌སི༌ སེམས༌ཅན༌ ཇིགས༌པོ༌, ཆུའི༌ ནང༌ང༌ གྲུལ༌ཁན༌ དང༌ རྐྱལ༌ཁན༌ སེམས༌ཅན༌ སྣ༌ཚོགས༌ མང༌པོ༌ ཡང༌ ཤོག༌པ༌ ཡོད༌ཁན༌ནི༌ ཅ༌ཅིའུ༌འི༌ རིགས༌ ཚང༌མ༌ ཅོའ༌ ཛདས༌། ཁོང༌རང༌ངི༌ ཛད༌ཁན༌གུན༌ ཟིགས༌ཏེ༌ དཀོན༌མཆོག༌ ཐུགས༌ཐད༌། 22 ཏེ༌ནེ༌ དཀོན༌མཆོག༌གི༌ ཛད༌ཁན༌ ཚང༌མ༌ལ༌ ཅིན༌ལབས༌ སལ༌ཏེ༌ མོལས༌, "ཕྲུ༌གུ༌ སྐྱེས༌ཏེ༌ རང༌ངི༌ ཀྲངས༌ཀ༌ གྱས༌ཤུག༌ཤིག༌, ཉ༌གུན༌ནི༌ གྱ༌ཚོའེ༌ ནང༌ང༌, ཡང༌ ཅ༌ཅིའུ༌གུན༌ནི༌ ཇིག༌རྟེན༌ནི༌ ནང༌ང༌ རང༌ངི༌ ཀྲངས༌ཀ༌ གུན༌ མང༌པོ༌ ཕེལ༌ཅུག༌ཤིག༌།" 23 ཏེ༌ནེ༌ ཕི༌ཏོག༌ བུད༌ཏེ༌ ང༌མོ༌ ལེབ༌, ཡང༌ ཏེ༌བོ༌ ཞག༌ ལྔ༌པ༌ ཨིན༌པིན༌།
24 ཡང༌ དཀོན༌མཆོག༌གི༌ མོལ༌ལ༌ ཛདས༌, "སེམས༌ཅན༌ སྣ༌མི༌ སྣ༌ཚོགས༌ཤིག༌ ཇིག༌རྟེན༌ནི༌ཀ༌ བྱུང༌ཤིག༌, ཏེ༌གུན༌ལ༌ རང༌རང༌ངི༌ རིགས༌སི༌ ཕྲུ༌གུ༌ སྐྱེ༌ཨིན༌, ཏེ༌བོའེ༌ ནང༌ང༌ སྲལ༌ཁན༌ནི༌ སེམས༌ཅན༌, སའེ༌ཀ༌ གྲུལ༌ཁན༌ནི༌ སེམས༌ཅན༌ ཆུ༌ངུན༌ དང༌ ནག༌ཚོགས༌སི༌ སེམས༌ཅན༌ གུན༌ ཨིན༌ནོག༌། དཀོན༌མཆོག༌གི༌ མོལ༌ཁན༌ ནང༌ཞིན༌ གྲུབ༌། 25 ཏེན༌ན༌ ཟུག༌གི༌ དཀོན༌མཆོག༌གི༌ ནག༌ཚོགས༌སི༌ སེམས༌ཅན༌ནི༌ རིགས༌, སྲལ༌ཁན༌ནི༌ སེམས༌ཅན༌ནི༌ རིགས༌, སེམས༌ཅན༌ ཆུ༌ངུན༌ནི༌ རིགས༌ ཚང༌མ༌ ཅོའ༌ ཛདས༌། ཁོང༌རང༌ངི༌ ཛད༌ཁན༌གུན༌ ཟིགས༌ཏེ༌ དཀོན༌མཆོག༌ ཐུགས༌ཐདས༌།
26 ཏེ༌ནེ༌ དཀོན༌མཆོག༌གི༌ མོལ༌ལ༌ ཛདས༌, "ང༌དང༌ངི༌ ང༌དང༌རང༌ ཙོགས༌སི༌ མི༌རིག༌ ཅོ༌ཨིན༌, ཁོང༌གུན༌ ང༌དང༌ ཙོགས༌ ཡོང༌ཨིན༌། ཁོང༌གུན༌ལ༌ གྱ༌ཚོའེ༌ ནང༌ང༌ ཡོད༌ཁན༌ནི༌ ཉ༌, ནམ༌མི༌ ནང༌ང༌ ཡོད༌ཁན༌ནི༌ ཅ༌ ཚང༌མ༌ དང༌ ནག༌ཚོགས༌སི༌ སེམས༌ཅན༌, སྲལ༌ཁན༌ནི༌ སེམས༌ཅན༌, སའེ༌ཀ༌ གྲུལ༌ཁན༌ནི༌ སེམས༌ཅན༌ ཆུ༌ངུན༌ སྣ༌ཚོགས༌ ཚང༌མའེ༌ཀ༌ ཝང༌སྲུལ༌ཨིན༌།"
27 ཏེ༌ནེ༌ དཀོན༌མཆོག༌གི༌ ཁོང༌རང༌ ཙོགས༌ མི༌གུན༌ ཅོའ༌ ཛདས༌།
དེན༌བ༌ དཀོན༌མཆོག༌གི༌ ཏེ༌གུན༌ ཁོང༌རང༌ དང༌ཙོགས༌ ཅོའ༌ ཛདས༌,
ཁོང༌ངི༌ བུ༌ཚ༌ དང༌ བུ༌མོ༌ ཅོའ༌ ཛདས༌།
28 ཏེ༌ནེ༌ དཀོན༌མཆོག༌གི༌ ཁོང༌གུན༌ལ༌ ཅིན༌ལབས༌ སལ༌ཏེ༌ མོལ༌ལ༌ ཛདས༌, "ཕྲུ༌གུ༌ སྐྱེ༌ཅུག༌ཏེ༌ རང༌ངི༌ ཀྲངས༌ཀ༌ ཕེལ༌ཅུག༌། ཇིག༌རྟེན༌ནི༌ ནང༌ང༌ གང༌ཅུགས༌ཏེ༌ ཝང༌སྲུལ༌། གྱ༌ཚོའེ༌ ནང༌ང༌ ཡོད༌ཁན༌ནི༌ ཉ༌, ནམ༌མི༌ ནང༌ང༌ ཡོད༌ཁན༌ནི༌ ཅ༌ ཡང༌ སའེ༌ཀ༌ གྲུལ༌ཁན༌ནི༌ སེམས༌ཅན༌ ཚང༌མའེ༌ཀ༌ ཝང༌སྲུལ༌།" 29 ཡང༌ དཀོན༌མཆོག༌གི༌ མོལས༌, "ལྟོས༌ཤིག༌, ངའེ༌ ཁྱོ༌ཞ༌གུན༌ལ༌ ཟའ༌ཅེས༌སི༌ ཕིའ༌, ཇིག༌རྟེན༌ གང༌པོའེ༌ ནང༌ང༌ ཡོད༌ཁན༌ནི༌ ཁ༌ཟས༌སི༌ ལྕང༌མ༌ དང༌ ས༌འོན༌ སྐྱེ༌ཁན༌ནི༌ ངོན༌པོའེ༌ རིགས༌ ཚང༌མ༌ ཏངས༌ཏེ༌ ཨིན༌། 30 ཡང༌ རྩཱ༌ དང༌ ལོ༌མ༌ སྔོན༌པོ༌ ཚང༌མ༌ ནག༌ཚོགས༌སི༌ སེམས༌ཅན༌, ནམ༌མ༌ འུར༌ཁན༌ནི༌ ཅ༌ཅིའུ༌, སའེ༌ཀ༌ གྲུལ༌ཁན༌ནི༌ སེམས༌ཅན༌ ཆུ༌ངུན༌ དང༌ འུགས༌ ཡོད༌ཁན༌ ཚང༌མ༌ལ༌ ཟའ༌ཅེས༌སི༌ ཕིའ༌ ཏངས༌ཏེ༌ ཨིན༌།" དཀོན༌མཆོག༌གི༌ མོལ༌ཁན༌ ནང༌ཞིན༌ གྲུབ༌།
31 ཏེ༌ནེ༌ ཁོང༌རང༌ངི༌ ཛད༌ཁན༌ ཚང༌མ༌ལ༌ ཟིགས༌ཏེ༌ དཀོན༌མཆོག༌ ཐུགས༌ཐདས༌། དེན༌བ༌ ཁོང༌ མ༌སྲན༌ཏྲེ༌ ཐུགས༌ཐདས༌། ཏེ༌ནེ༌ ཕི༌ཏོག༌ བུད༌ཏེ༌ ང༌མོ༌ ལེབ༌, ཡང༌ ཏེ༌བོ༌ ཞག༌ དྲུག༌པ༌ ཨིན༌པིན༌།