ལེའུ་གསུམ་པ།
དུས་མཐའ་མའི་སྤྱོད་ངན།
མཐའ་མཇུག་གི་དུས་སུ་དཀའ་རྙོག་འོང་བ་ཤེས་པར་གྱིས་ཤིག གང་ལགས་ཤེ་ན། མི་རྣམས་ནི་རང་ལ་ཆགས་པ་དང༌། རྒྱུ་ནོར་ལ་ཞེན་པ། འུད་ཤོབ་བྱེད་མཁན། ང་རྒྱལ་ཅན། སྨད་ར་གཏོང་མཁན། ཕ་མའི་ཁ་ལ་མི་ཉན་པ། བཀའ་དྲིན་མི་ཚོར་བ། དམ་པ་མིན་པ། བརྩེ་སེམས་མེད་པ། གཞན་ལ་གུ་ཡངས་མི་གཏོང་བ། དམའ་འབེབས་གཏོང་མཁན། རང་ཚོད་མི་ཟིན་པ། གདུག་རྩུབ་ཆེ་བ། བཟང་པོ་ལ་མི་དགའ་བ། ངོ་ལོག་པ། རྗེས་འབྲས་ལ་མི་ལྟ་བ། ཁེངས་དྲེགས་ཅན། དཀོན་མཆོག་ལ་དགའ་བ་ལས་འདོད་ཆགས་ལ་ལྷག་པར་དགའ་བ། ཆོས་སེམས་ཀྱི་ཚུལ་ཙམ་ལས་དོན་གྱི་སྙིང་པོ་དང་བྲལ། ཁོ་ཚོ་དང་མ་འགྲོགས་ཤིག ཁོ་ཚོའི་ཁྲོད་དུ་ཁ་ཤས་གཡོ་ཐབས་ཀྱིས་ཁྱིམ་ཚང་ནང་འཛུལ་ནས། སྡིག་ཉེས་ཀྱིས་གནོན་ཞིང་འདོད་པ་སྣ་ཚོགས་ཀྱིས་མགོ་སྐོར་གཏོང་སླ་བའི་བུད་མེད་རྣམས་ལ་དབང་སྒྱུར། བུད་མེད་དེ་ཚོས་རྒྱུན་དུ་བསླབས་ཀྱང་བདེན་པ་གཏན་ནས་རྟོགས་མི་ཐུབ། ཡཱན་ནེ་དང་ཡཱམ་པ་རཱེ་ཞེས་ཟེར་མཁན་གཉིས་ཀྱིས་སྔར་ལུང་སྟོན་པ་མོ་ཤེ་ལ་རྒོལ་བ་ལྟར། དད་སེམས་མི་དྲང་བ་དང༌། ལོག་ལྟ་འཛིན་པའི་སེམས་པ་འདི་ཚོས་ཀྱང་བདེན་པ་ལ་རྒོལ། * 3:8 ཡ་ཧུ་དཱ་པའི་ལུགས་སྲོལ་ལྟར་ཡཱན་ནེ་དང་ཡཱམ་པ་རཱེ་ནི་ལུང་སྟོན་པ་མོ་ཤེ་ལ་རྒོལ་བའི་ཨེ་ཇེབ་ཡུལ་གྱི་སྔགས་པ་ཡིན། ལུང་སྟོན་པ་མོ་ཤེའི་མདོ་གཉིས་པ་སྟེ་ཐེགས་པ་ལེའུ་7 ཨང་གྲངས་11 ལ་གཟིགས། འོན་ཀྱང་མོ་ཤེའི་དུས་སུ་བྱུང་བ་ལྟར། མི་ཐམས་ཅད་ཀྱི་དྲུང་དུ་ཁོ་ཚོའི་བླུན་སེམས་མངོན་པར་གསལ་བས། དར་བར་མི་འགྱུར།
ཐི་མོ་ཐེ་ལ་གནང་བའི་མཇུག་མཐའི་བཀའ་མངགས།
10 འོན་ཀྱང་ཁྱེད་ཀྱིས་ངའི་བསྟན་པ་དང༌། སྤྱོད་ལམ། དམིགས་ཡུལ། དད་སེམས། བཟོད་སྒོམ། བྱམས་སེམས། བཟོད་བསྲན། 11 ང་ལ་མནར་གཅོད་དང༌། ཨན་ཏི་ཡོག་ཡཱ་གྲོང་ཁྱེར་དང༌། ཨི་ཀོན་ཡཱུ་གྲོང་ཁྱེར། ལིས་ཏྲཱ་གྲོང་ཁྱེར་བཅས་སུ་ང་ལ་བྱུང་བའི་སྡུག་བསྔལ་ཤེས། ངས་སྡུག་བསྔལ་བཟོད་ཀྱང་དེ་ཚོ་ཐམས་ཅད་ལས་གཙོ་བོས་ང་བསྐྱབས་པར་མཛད། 12 དོན་དམ་དུ་མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་ཆོས་དང་མཐུན་པའི་མི་ཚེ་སྐྱེལ་བར་འདོད་པ་ཐམས་ཅད་གནོད་འཚེ་མྱོང་བར་འགྱུར་རོ། 13 ཡང་ངན་སེམས་ཅན་དང་མགོ་སྐོར་གཏོང་མཁན་རྣམས་མགོ་སྐོར་ཐེབས་ཤིང༌། གཞན་ལའང་བསླུ་བྲིད་བྱེད་དེ་སྔར་ལས་ཀྱང་ངན་པར་འགྲོ 14 འོན་ཀྱང་ཁྱེད་ཀྱིས་སུ་ལས་བསླབས་པ་ཤེས་པས་གང་སྦྱངས་པ་དང༌། དེའི་ངེས་ཤེས་རྙེད་པའི་དོན་རྣམས་མུ་མཐུད་སེམས་ལ་བརྟན་པོར་ཟུངས་དགོས། 15 ཡང་ཁྱེད་ཀྱིས་ཆུང་ངུ་ནས་དམ་པའི་གསུང་རབ་ཤེས། དེས་ནི་མཱ་ཤི་ཀ་ཡེ་ཤུ་ལ་དད་པའི་སྒོ་ནས་ཐར་པའི་ཤེས་རབ་ཐོབ་ཐུབ་བོ། 16 གསུང་རབ་ཐམས་ཅད་ནི་དཀོན་མཆོག་གི་ཐུགས་ཉིད་ལས་བྱུང་བས། སློབ་སྟོན་པ་དང༌། སྐྱོན་སྟོན་པ། ཡོ་བསྲང་བྱེད་པ། དྲང་བདེན་ཉིད་ཀྱི་ཕྱོགས་སུ་འདྲེན་པ་བཅས་མཆོག་ཏུ་ཕན། 17 དེ་ནི་དཀོན་མཆོག་ལ་གཏོགས་པའི་མི་རྣམས་ནུས་ཅན་དུ་འགྱུར་ཏེ། ལས་བཟང་པོ་ཀུན་བྱེད་ཐུབ་པའི་ཕྱིར་རོ། །

*ལེའུ་གསུམ་པ།:8 3:8 ཡ་ཧུ་དཱ་པའི་ལུགས་སྲོལ་ལྟར་ཡཱན་ནེ་དང་ཡཱམ་པ་རཱེ་ནི་ལུང་སྟོན་པ་མོ་ཤེ་ལ་རྒོལ་བའི་ཨེ་ཇེབ་ཡུལ་གྱི་སྔགས་པ་ཡིན། ལུང་སྟོན་པ་མོ་ཤེའི་མདོ་གཉིས་པ་སྟེ་ཐེགས་པ་ལེའུ་7 ཨང་གྲངས་11 ལ་གཟིགས།